http://zw.xzqnb.cn/Content/weixinlogo.png
གུས་པ་ནི་གཙང་པའི་ཨོ་ལོ་ཡིན། ལས་ལ་བརྩོན་ཞིང་སེམས་ཆུང་ཡ་རབས་ལྡན
http://zw.xzqnb.cn/m/content/2023-06/30/000142.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མཛེས་པའི་ཕ་ཡུལ།

༄༅། །ང་ཡི་སློབ་གྲོགས།

༄༅། །ང་དང་རྩོམ་ཡིག །

༄༅། །གཅེས་སྤྲས།

等待处理…

༄༅། །མཛེས་པའི་ཕ་ཡུལ།

作者 དངོས་གྲུབ་རྒྱ་མཚོ།
2023年06月30日

གུས་པ་ནི་གཙང་པའི་ཨོ་ལོ་ཡིན། ལས་ལ་བརྩོན་ཞིང་སེམས་ཆུང་ཡ་རབས་ལྡན་པའི་འབྲུ་རིགས་ཀྱི་བང་མཛོད། ས་ཁོད་སྙོམས་ཤིང་ཞིང་འབྲོག་ཐོན་སྐྱེད་ཕུན་སུམ་ཚོགས་པའི་གནས་དེ་ནི་ང་ཡི་ཕ་ཡུལ་ཏེ་སྟོད་གཞས་ཀྱི་ཕ་ས་གཙང་སྟོད་ལྷ་རྩེ་ཡིན། སྙན་ངག་རོ་བཅུད་ཀྱིས་ཡིད་དབང་འཕྲོག་ཅིང་གནའ་སྒྲུང་གི་ལེའུའི་བག་ཆགས་མཐུག་པའི་གནས་དེ་ནས་སྒྲ་སྙན་གྱི་དབྱངས་རྟ་འཛམ་བུའི་གླིང་ལ་སྒྲོག་བཞིན་ཡོད།

དཔྱིད་ཀྱི་ཕོ་ཉ་སླེབས་དུས་ཕ་ཡུལ་གྱི་ས་འཛིན་དག་ནི་ཡུལ་སྲུང་དམག་དཔོན་བཞིན་འགྱིང་བག་ལྡན། རི་སྐེད་དུ་ན་བུན་ལང་ལོང་དུ་འཁྱིལ་བ་ནི་སྐབས་རེ་དར་དཀར་དཀྲིས་པ་དང་འདྲ་ཞིང་སྐབས་རེ་ལྷ་བསང་གི་དུ་བ་འཕྱུར་བ་དང་གཉིས་སུ་མ་མཆིས། རི་ཁུག་དང་ཐང་གཤོང་ལ་སྔོ་ལྗང་གི་རས་གོས་གཡོགས་ཤིང་དེའི་སྟེང་དུ་དྲི་ཞིམ་མེ་ཏོག་གི་རྒྱན་སྤྲས་པ་ནི་སྐྱེ་བོ་ཀུན་དགའ་ཞིང་དུང་སེམས་འཆང་སའི་ས་ཆ་དམིགས་བསལ་ཞིག་ལགས། དབྱར་དུས་སུ་ལ་ཀླུང་ཚང་མར་མེ་ཏོག་གཅིག་རྗེས་གཉིས་མཐུད་ཀྱིས་ཤར་ཡོང་བ་དང་། སྤུ་མདོག་རྣམ་པར་བཀྲ་བའི་བྱ་བྱིའུ་སྣ་ཚོགས་ཀྱིས་མགོ་བོའི་སྐྲ་ལས་མང་བའི་ཕྱོགས་ཁག་གི་ཡུལ་སྐོར་སྤྲོ་འཆམ་པར་ཕེབས་བསུ་ཞུ། སྐབས་དེར་རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་པའི་དུས་ཡིན་སྟབས་ཤ་མར་ཐུད་སོགས་ཀྱི་སྐྱེ་བོ་ཚོའི་འདོད་པ་ཡོངས་སུ་སྐོང་བར་བྱེད། གྲོ་ནས་སྲན་སོགས་ང་ཤོར་ཁོ་ཤོར་གྱིས་ལེགས་པར་སྐྱེ་བས་མུ་མེད་ཞིང་ཐང་མཛེས་ཤིང་སྔ་ལོ་ལས་ལྷག་པའི་ལོ་ལེགས་ཡོང་བའི་རྟགས་མཚན་ཐོན། སྟོན་དུས་ས་གཞི་ཡོངས་རིན་ཆེན་གསེར་གྱིས་བཏུམས་ཤིང་རླུང་བསིལ་ལྡང་བ་དང་ཆབས་ཅིག་མཐའ་ཡས་ཞིང་ཐང་ནང་གི་སྙེ་མའི་ཚོགས་ཀྱིས་མགོ་བོ་ཕར་གཡུགས་ཚུར་གཡུགས་ངང་སོ་ནམ་པ་ཚོ་རེ་འབོད་བྱེད་པ་དང་འདྲ། ཞིང་འབྲོག་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཤིང་བྲེལ་བྲེལ་འཚུབ་འཚུབ་ངང་ནས་སྟོན་ལས་ལ་རོལ་བཞིན་མཆིས། དགུན་དུས་སུ་ངའི་ཕ་ཡུལ་ནི་དཀར་འཇམ་གྱི་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བའི་དངུལ་གྱི་གྲོང་ཁྱེར་ཞིག་དང་འདྲ་ལ། ད་དུང་ཕྲུ་གུ་རྣམས་ཕར་རྒྱུགས་ཚུར་རྒྱུགས་གིས་གངས་རྩེད་རྩེ་བ་དང་གངས་མི་བཟོ་བཞིན་རང་བྱུང་ཁམས་ཀྱིས་གནང་བའི་ངོ་མཚར་མཛེས་སྡུག་དེ་ཉམས་སུ་མྱོང་བར་བྱེད།

ཕ་ཡུལ་ནི་གུས་པ་སྐྱོ་དུས་མཆི་མ་ཤོར་ས་དང་སྤྲོ་དུས་གླུང་དབྱངས་ལེན་སའི་གནས་ཤིག་ཡིན། ངའི་ཕ་ཡུལ་ནི་མཛེས་ཤིང་ལྟ་ན་སྡུག་ལ་ཡུལ་མི་རྣམས་སེམས་རྩ་འཁོལ་བས་ལྷན་རྒྱས་གུས་པའི་ཕ་ཡུལ་ལ་སྐུ་མགྲོན་དུ་ཕེབས་དང་། ཡུལ་མི་ཚོས་ལྷ་རྩེའི་སྒྲ་སྙན་གྱིས་སྐུ་ཉིད་ལ་བསུ་བ་ཞུ་ངེས་རེད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博