http://zw.xzqnb.cn/Content/weixinlogo.png
ཤར་ཕྱོགས་ལྷུན་པོའི་སྤོ་ནས། །བདེ་འབྱུང་གཙུག་རྒྱན་འཆར་བྱུང་། །ར
http://zw.xzqnb.cn/m/content/2026-10/30/002037.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །«མེ་ཏོག་དང་རྨི་ལམ»བལྟས་པའི་མྱོང་ཚོར།

༄༅། །ཐོས་བསམ་སེམས་ཀྱི་གླུ་ཆུང་།

༄༅། །མཛེས་སྡུག་ལྡན་པའི་ཕ་ཡུལ་ལྷོ་ཁ།

ཐབས་མང་མཉམ་སྤྱོད་ཀྱིས་ས་མཐོའི་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

༄༅། །འཕོ་འགྱུར་ཁྲོད་ཀྱི་ལྷོ་ཁ།

等待处理…

༄༅། །ཐོས་བསམ་སེམས་ཀྱི་གླུ་ཆུང་།

作者 སྐར་མ་སྒྲོལ་མ།
2026年10月30日

ཤར་ཕྱོགས་ལྷུན་པོའི་སྤོ་ནས། །བདེ་འབྱུང་གཙུག་རྒྱན་འཆར་བྱུང་། །

རྦ་རླབས་དབྱངས་ཅན་མགྲིན་གླུས། །རྒྱུ་སྐར་བདག་པོར་བསྟོད་འདྲ། །

ཐོས་བསམ་སློབ་གཉེར་ཆེད་དུ། །ཐག་རིང་གཞན་ཡུལ་འགྲིམ་ཡོད། །

དྲིན་ཆེན་ཡབ་ཡུམ་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེ། །

སྐྱི་བསེར་རླུང་གི་སྤུ་གྲི། །དམར་ཆུང་སྙིང་ལ་ཟུག་བྱུང་། །

དྲན་གདུང་སེམས་ཀྱིས་མ་བཟོད། །སྐྱོ་བའི་མཆི་ཞག་འཁོར་བྱུང་། །

སློབ་གླིང་ཁོར་ཡུག་མཛེས་པ། །རིག་གནས་དྲི་ཞིམ་འཐུལ་བ། །

ཅང་སུའུ་ཚོད་ལྟའི་སློབ་འབྲིང་། །ལང་ཚོའི་རིན་ཐང་འཇལ་ས། །

བཤེས་གཉེན་བྱམས་བརྩེ་ཆེ་བ། །སློབ་བུ་བརྩོན་འགྲུས་ཆེ་བ། །

མ་འོངས་ཕ་ཡུལ་སྐྱིད་སྡུག །རེ་བ་གང་ལས་ཀྱང་མཐོ་བ། །

ལས་དང་དམ་ཚིག་དབང་གིས། །སློབ་གླིང་གཅིག་ཏུ་འཛོམས་པས། །

མི་རིགས་སྣ་མང་ལྷན་དུ། །སེམས་མཐུན་འབད་པས་གཞོལ་ཅིག །

སེམས་མཐུན་དགའ་མོས་ཚོགས་པ། །སྐྱེ་སྟོབས་དཔྱིད་དཔལ་བཞད་འདྲ། །

རིག་པའི་རྩལ་ལག་ངོམས་ས། །སྐྱེད་ཚལ་ལྡུམ་ར་མང་བ། །

ལང་ཚོའི་མེ་ཏོག་ཚོགས་པ། །དྲོ་སྐྱིད་ཁྱིམ་གཞིས་ཆུང་ཆུང་། །

བློ་སྦྱོང་སེམས་ཀྱི་བསྟི་གནས། །སེམས་ཀྱི་ལོག་མལ་རང་ཡིན། །

མཚར་སྡུག་ལང་ཚོའི་མཛེས་རྒྱན། །སྐད་དང་ཡི་གེའི་དོ་ཤལ། །

རང་སེམས་གཙང་མས་སྲུང་ན། །རིན་ཐང་ལས་ཀྱིས་རྟོགས་ཡོང་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博