http://zw.xzqnb.cn/Content/weixinlogo.png
དཔེ་ཀློག་དང་ཤེས་ཡོན། རྣམ་དཔྱོད་གསུམ་ནི་ཁ་བྲལ་ཐབས་མེད། དཔེ་ཀློ
http://zw.xzqnb.cn/m/content/2026-10/30/002036.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །«མེ་ཏོག་དང་རྨི་ལམ»བལྟས་པའི་མྱོང་ཚོར།

༄༅། །ཐོས་བསམ་སེམས་ཀྱི་གླུ་ཆུང་།

༄༅། །མཛེས་སྡུག་ལྡན་པའི་ཕ་ཡུལ་ལྷོ་ཁ།

ཐབས་མང་མཉམ་སྤྱོད་ཀྱིས་ས་མཐོའི་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

༄༅། །འཕོ་འགྱུར་ཁྲོད་ཀྱི་ལྷོ་ཁ།

等待处理…

༄༅། །«མེ་ཏོག་དང་རྨི་ལམ»བལྟས་པའི་མྱོང་ཚོར།

作者 བསོད་ནམས་སྒྲོལ་དཀར།
2026年10月30日

དཔེ་ཀློག་དང་ཤེས་ཡོན། རྣམ་དཔྱོད་གསུམ་ནི་ཁ་བྲལ་ཐབས་མེད། དཔེ་ཀློག་མང་ཙམ་བྱས་ན་རང་ཉིད་ཀྱི་བློ་རྒྱ་དང་མཐོང་རྒྱ་གང་ཅིའི་ཐད་ཡར་རྒྱས་འགྲོ་སྲིད། བསམ་བློ་དེ་འདྲ་ཞིག་ཁྱེར་ནས་ངས་རྒན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི«མེ་ཏོག་དང་རྨི་ལམ»ཞེས་པའི་བརྩམས་སྒྲུང་འདི་ལྟ་མགོ་བརྩམས།

བརྩམས་སྒྲུང་འདིའི་ནང་མི་སྣ་གཙོ་བོ་སྒྲོལ་དཀར་དང་གཡང་འཛོམས། འཛོམས་སྐྱིད། ཞའོ་ལི་བཅས་བརྒྱུད་ནས་སྤྱི་ཚོགས་ཀྱི་འཚོ་བ་བྲིས་འདུག དེའི་ནང་སྒྲོལ་དཀར་གྱི་ཁྱིམ་ཚང་དབུལ་པོ་ཡིན་པ་མ་ཟད་པ་ཕར་ནད་གཞི་ལྕི་པོ་ཕོག་ནས་སྨན་རིན་ཆད་པ་དང་། གཅུང་པོ་སློབ་གྲྭར་གཏོང་ཆེད་མོ་རང་སློབ་མཚམས་བཞག་ནས་གྲོང་ཁྱེར་དུ་གླ་པ་བྱེད་པར་མི་འགྲོ་ཀ་མེད་བྱུང་། སྔ་རྗེས་སུ་དཀར་ཡོལ་འཁྲུ་མཁན་དང་སྣུམ་སྣོན་ས་ཚིགས་ཀྱི་ལས་ཀ་ཙག་ཙིག་བྱས། དེ་རྗེས་ཇ་ཁང་གི་སྦྱིན་བདག་བུ་ཁྲིད་ཀྱི་གཡོ་འོག་ཏུ་ཚུད་དེ་དངུལ་ཡོད་མཁན་ཀརྨ་རྡོ་རྗེས་གནོད་འཚེ་བཏང་ནས་ལོག་ལམ་དུ་ཤོར། ཁྱིམ་ཚང་དང་གཅུང་པོའི་ཆེད་དུ་ཁོ་མོས་གོམ་པ་རེ་རེ་བཞིན་འོས་མེད་འགྲིག་ཐབས་དང་། མགོ་སྐོར་བརྙས་བཅོས་མྱོང་བའི་འདམ་རྫབ་ཏུ་ལྷུང་སྟེ་ལུས་སེམས་ལ་མནར་གཅོད་ཆེན་པོ་ཐེབས། གཡང་འཛོམས་ནི་ཐོག་མཐའ་བར་གསུམ་དུ་གཞུང་དྲང་བབ་ཆགས་དང་བརྩེ་སེམས་ཀྱི་རྩ་བ་བརྟན་སྲུང་ངང་ཞོར་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། སྒྲོལ་དཀར་ལ་དཀའ་ངལ་འཕྲད་རྗེས་མོ་རང་གིས་སྒྲོལ་དཀར་ལ་ལྟ་སྐྱོང་དང་རོགས་པ་བྱས། གཡང་འཛོམས་ཀྱིས་བྱམས་སྙིང་རྗེའི་སྲོལ་རྒྱུན་གྱི་སེམས་བཟང་རང་བཞིན་མཐའ་འཁྱོངས་བྱས་ཏེ། ཟང་ཟིང་དང་ངང་ཐུང་གི་གྲོང་ཁྱེར་ནང་རང་བཀུར་དང་སེམས་བཟང་མཐའ་གཅིག་ཏུ་སྲུང་པས། བུ་མོ་བཞིའི་ནང་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་གཟུགས་བཪྙན་ཞིག་རེད་འདུག འཛོམས་སྐྱིད་དང་ཞའོ་ལི་གཉིས་ཀྱིས་ཀྱང་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཁུར་ནས་གྲོང་ཁྱེར་དུ་བསྐྱོད་དེ་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་བསླུ་བྲིད་དང་། དོ་ཁུར་མི་བྱེད་པའི་མིའི་བར་གྱི་འབྲེལ་བ། མ་རྩའི་ལྐོག་ཇུས་བཅས་ཀྱི་མདུན་དུ་རང་རང་སོ་སོར་མགོ་སྐོར་དང་བཙིར་གནོན་ཐེབས།

«མེ་ཏོག་དང་རྨི་ལམ»ནང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་གཞུང་དྲང་བབ་ཆགས་ཀྱི་གྲོང་གསེབ་ཀྱི་གཞོན་ནུ་མ་འབོར་ཆེན་ཞིག་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བར་ཡོང་བ་དང་། གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་རྒྱབ་ཏུ་དངོས་པོའི་བསླུ་བྲིད་དང་མིའི་དབར་དོ་ཁུར་མི་བྱེད་པ་དང་། འཚོ་གནས་ཀྱི་གཡོ་སྒྱུ་གང་སར་ཁྱབ་ནས་བུ་མོ་མང་པོ་ཞིག་དངོས་ཡོད་ཁྲོད་མགོ་འཁོར་བ་དང་རྨས་སྐྱོན་ཕོག་པའི་དུས་རབས་ཀྱི་སྣང་ཚུལ་དེ་དག་རྩོམ་པ་པོས་ཡི་གེའི་ཐོག་ནས་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་གི་དམའ་རིམ་བུད་མེད་ཀྱི་ཡ་ང་བའི་ལས་དབང་མཚོན་པར་བྱས་འདུག རྩོམ་པ་པོས«མེ་ཏོག་དང་རྨི་ལམ»ནང་གི་བུ་མོ་བཞིའི་མི་ཚེའི་མཇུག་འབྲས་གཡར་ནས། ཀློག་པ་པོར་མི་གཞན་ལ་བརྟེན་པ་དང་རྒྱས་སྤྲོས་དོན་གཉེར་བྱས་ཚེ་རང་ཉིད་བརླག་པའི་རྒྱུ་ཡིན་པས། བྱམས་སེམས་བརྟན་སྲུང་དང་རང་བཀུར་རང་ཚུགས་བྱས་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་གནས་ལུགས་བརྗོད་འདུག །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༠)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博