http://zw.xzqnb.cn/Content/weixinlogo.png
ཕུགས་བསམ་ནི་བསམ་འདུན་ཞིག་ཡིན། མ་འོངས་པར་ཕྱོགས་པའི་བསམ་འདུན་ཞི
http://zw.xzqnb.cn/m/content/2026-09/25/001994.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བོད་ཀྱི་ལོ་རྒྱུས་བསྡུས་གསལ་མེ་ལོང་ལྟ་ཀློག་བྱས་པའི་མྱོང་ཚོར་མདོར་བསྡུས།

༄༅། །ཕུགས་བསམ།

༄༅། །སྐྱིད་པའི་ཕ་ཡུལ། མཛེས་པའི་ལྷོ་ཁ།

等待处理…

༄༅། །ཕུགས་བསམ།

作者 བསོད་ནམས་བཟང་མོ།
2026年09月25日

ཕུགས་བསམ་ནི་བསམ་འདུན་ཞིག་ཡིན། མ་འོངས་པར་ཕྱོགས་པའི་བསམ་འདུན་ཞིག་ཡིན། ཕུགས་བསམ་ནི་ལྕག་ཚན་ཞིག་ཡིན། ནམ་རྟག་ཏུ་མདུན་ནས་མདུན་དུ་བསྐུལ་བའི་ལྕག་ཚན་ཞིག་ཡིན། མི་ཞིག་ལ་ཕུགས་བསམ་ཡོད་ན། བྱ་སྤྱོད་ལ་འཆར་གཞི་ཡོད། འབད་བརྩོན་ལ་དམིགས་ཡུལ་ཡོད། བརྟུལ་ཞུགས་ལ་སྟོབས་ཤུགས་ཡོད།

ང་རང་གི་ཕུགས་བསམ་ནི་འགྱུར་བཞིན་པའི་ཕུགས་བསམ་ཞིག་ཡིན། ཆུང་ཆུང་བྱིས་པ་ཡིན་དུས། ང་རང་གི་ཕུགས་བསམ་ནི་ཚོང་ཁང་གི་སྦྱིན་བདག་ཆགས་རྒྱུ་དེ་ཡིན། མངར་མངར་ཞིམ་ཞིམ་གྱི་དཀྱིལ་ནས། ནམ་རྟག་ཏུ་རྔན་པའི་རོ་བཅུད་ལ་མྱོང་བའི་རྣམ་པ་རེ་རེ་ལ་རྗེས་དཔག་བྱ་མྱོང་། ང་རང་སློབ་གྲྭར་འགྲོ་དུས། ང་རང་གི་ཕུགས་བསམ་ནི་དགེ་བའི་བཤེས་གཉེན་ཞིག་བྱེད་འདོད་པ་དེ་ཡིན། ཁྲིད་སྟེགས་གྲུ་བཞི་ཡི་ཡང་སྟེང་ནས། འདི་དང་དེ་ཡི་རྣམ་གཞག་བསལ་ཞིང་། ལེགས་ཉེས་སྤང་བླངས་སྟོན་པའི་དགེ་བའི་བཤེས་གཉེན་ཞིག་བྱེད་འདོད། ད་ལྟ། དཔེ་ཀློག་དང་ཡ་མ་བྲལ་ཞིང་སློབ་གྲྭ་དང་རྒྱང་མ་ཆོད་པའི་དེ་རིང་། ལོ་ཡི་ཚད་གང་བགྲང་བྱ་སུམ་ཅུ་ལ་སོན་ཡང་། ང་རང་ད་དུང་སློབ་མ་ཞིག་ཡིན། ཚོང་ཁང་གི་སྦྱིན་བདག་ཆགས་མེད་ལ་དགེ་བའི་བཤེས་གཉེན་ཞིག་དེ་བས་ཀྱང་བྱེད་མ་ཐུབ། འོན་ཀྱང་། བློ་ལ་སྐྱོ་ཤས་ཀྱི་སྨྲེང་བ་མི་འདུག་ལ་མིག་ལ་བསྲན་མ་ཐུབ་པའི་མིག་ཆུའང་མི་འདུག གང་ཡིན་ཞེ་ན། ཕུགས་བསམ་འཚོལ་བའི་ལམ་བར་དུ། ངས་དཔེ་ཀློག་ཅེས་པའི་བདེ་སྐྱིད་དེ་ཚོར་བྱུང་ལ། ཐོས་པ་ཞེས་པའི་གལ་འགངས་དེའང་རྟོགས་བྱུང་། ད་ནི། ང་རང་དཔེ་ཆ་དང་འགྲོགས་པའི་མི་ཚེ་ཞིག་སྐྱེལ་འདོད་ལ། ཐོས་པ་དང་འབྲེལ་བའི་ཕུགས་བསམ་ཞིག་བསྙལ་འདོད།

རེད་ཡཱ། ཕུགས་བསམ་ནི་དཀའ་ཚེཌ་ཁྱད་དུ་བསད་ནས་བརྩོན་ལེན་བྱེད་དགོས་པ་ཞིག་ཡིན་ལ། ཕུགས་བསམ་ནི་རང་གི་མི་ཚེའི་རིན་ཐང་ལ་བསམས་ནས་དགའ་བས་བསུ་དགོས་པ་ཞིག་ཡིན། མདོར་ན། ཕུགས་བསམ་གྱི་རིན་ཐང་ནི་འབྲས་བུའི་ཐོག་ཏུ་མེད་པར་ཕུགས་བསམ་མངོན་འགྱུར་བྱེད་པའི་ལམ་ཁར་ཡོད། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博