西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བོད་ཀྱི་ལོ་རྒྱུས་བསྡུས་གསལ་མེ་ལོང་ལྟ་ཀློག་བྱས་པའི་མྱོང་ཚོར་མདོར་བསྡུས། ༄༅། །ཕུགས་བསམ། ༄༅། །སྐྱིད་པའི་ཕ་ཡུལ།   མཛེས་པའི་ལྷོ་ཁ།

放大 缩小 默认

༄༅། །སྐྱིད་པའི་ཕ་ཡུལ། མཛེས་པའི་ལྷོ་ཁ།

□ 作者 དབྱངས་ཅན་སྒྲོལ་དཀར།

གནའ་ཉམས་ཀྱིས་ཡོངས་སུ་ཕྱུག་པའི་གནའ་གྲོང་། ཡར་ཀླུང་གཙང་པོ་དང་ཤམ་ཆུའི་དྲིན་གྱིས་བསྐྱངས་པའི་ཕ་ཡུལ། རི་ཆེན་གོང་པོ་རི་དང་ཤེལ་བྲག་གི་གནས་ཡུལ། བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་མགྱོགས་པའི་ཡུལ། མཛེས་ཤིང་ལྟ་ན་སྡུག་པའི་གནས་མཆོག མི་རིགས་ང་དྲུག་ཕུ་ནུ་བཞིན་མཉམ་འཛོམས་ཀྱི་གྲོང་ཁྱེར་ལྷོ་ཁ་ནི་ཁོ་མོའི་ལྟེ་ཁྲག་འཕོས་ས་དང་འཚར་ལོངས་འབྱུང་ས་མཛེས་པའི་ཕ་ཡུལ་ལྷོ་ཁ་ཡིན།

ཞོགས་པའི་ཉི་གཞོན་མཐོན་མཐིང་མཁའ་དབྱིངས་ནས་ཤར་དུས་མཐའ་བཞི་རི་བོས་ཡོངས་སུ་བསྐོར་བའི་ལྷོ་ཁ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གྱི་སྲིད་ཇུས་ཉི་འོད་འོག་སྔར་ལས་ལྷག་པའི་སྒོ་ནས་མཛེས་སྡུག་ལྟ་ན་སྡུག་ཅིང་མཛེས་པའི་གྲགས་པ་སུམ་རྩེན་གནས་ལའང་འགྲན། གནས་འདིར་འཚོ་བའི་མི་རིགས་ཁག་གི་མི་དམངས་ནི་གཅིག་ལ་གཅིག་བརྟེན་གྱི་མཛའ་མཐུན་ལག་གདང་མཉམ་དུ་འབྲེལ་ནས་བདེ་སྐྱིད་ཀྱི་འཚོ་བར་ངང་པ་པད་མཚོར་རོལ་བ་ལྟར་གནས་ཡོད་ལ། ཁོང་ཚོ་ཕ་མ་གཅིག་གི་གཅེན་གཅུང་བཞིན་འཆམ་མཐུན་མཉམ་གནས་ངང་རང་རང་གི་ལས་ལ་བརྩོན་ཞིང་འབྱོར་ཕྱུག་ལྡན་པའི་ལྷོ་ཁའི་འཛུགས་སྐྲུན་ཆེད་དུ་རང་ནུས་ཡོད་རྒུ་འདོན་བཞིན་ཡོད། གནམ་ས་བླ་འོག་ལྟ་བུའི་འགྱུར་བ་འདིའང་རླབས་ཆེན་གཙོ་འཛིན་ཞི་ཅིན་ཕིང་གིས་དབུ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་སྲིད་ཇུས་དང་ཁ་བྲལ་ཐབས་ག་ལ་ཡོད། གནས་འདིར་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བྱམས་བརྩེའི་བཀའ་དྲིན་དང་ཐུགས་ཁུར་ཟབ་བཞེས་འོག་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད་པ་ནི་གྲོང་མིའི་སྡོད་གནས་དང་གྲོང་ཁྱེར་གྱི་ཁོར་ཡུག ཞིང་གྲོང་གི་རྣམ་པ་དང་འགྲིམ་འགྲུལ་གྱི་ཤུལ་ལམ་སོགས་གང་ཅིར་བླ་ན་མེད་པའི་འཕོ་འགྱུར་བྱུང་ཡོད། དེ་སྔོན་གྱི་སྟབས་བདེ་དེ་ཙམ་མེད་པའི་ལམ་དེ་དག་ད་ལྟ་གཡང་གཟར་གྱི་རི་བོར་ཕུག་ལམ་བསྐྲུན། ད་དུང་ཡུལ་གྲུ་གཞན་ལ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ཡུལ་གང་དུ་བསྐྱོད་དགོས་ཀྱང་ཤར་གཏོང་ཐུབ་ཡོད་པ་མ་ཟད། ང་རང་འཚར་ལོངས་བྱུང་བའི་ཞིང་གྲོང་དེར་ཡང་བརྗོད་པར་དཀའ་བའི་འཕོ་འགྱུར་བྱུང་ཡོད་ལ། ང་ཚོའི་སློབ་གྲྭ་ཡང་སྔར་དང་མི་འདྲ་བར་མཛེས་ཞིང་ལྟ་ན་སྡུག་པའི་ཁོར་ཡུག་ཞིག་ཏུ་འགྱུར་ནས་སློབ་གྲྭའི་ཕྱོགས་གང་སར་སྔོ་ལྗང་གྱི་རྩྭ་དང་རྩི་ཤིང་། མེ་ཏོག་སྣ་ཚོགས་ཀྱི་ཁེངས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་དང་དཀར་ཆ་དོད་པའི་ཐོགས་བརྩེགས་ཁང་ཆེན་དེ་དག་ཀྱང་གཅིག་ལས་གཅིག་མཐོ་ཞིང་མཛེས་པ་མཐོ་རིས་གཉིས་པ་དང་མཚུངས། གྲང་ངར་ཆེ་བའི་དགུན་དུས་ཀྱང་ང་ཚོའི་སློབ་ཁང་དང་ཉལ་ཁང་ནི་ཏང་གི་བཀའ་དྲིན་འོག་དྲོད་རླངས་ལ་བརྟེན་ནས་དབྱར་དུས་ལྟར་དྲོ་སྐྱིད་ལྡན། གལ་ཏེ། གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་འདི་ཡོད་མི་སྲིད་ལ། གལ་ཏེ། གུང་ཁྲན་ཏང་མེད་ན་ང་ཚོའི་མ་འོངས་པའི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་དེ་ཡང་ག་ལ་ཡོད། གུང་ཁྲན་ཏང་གི་བཀའ་དྲིན་འོག་མི་རིགས་ཁག་གི་མི་དམངས་རྣམས་དགའ་བདེའི་དཔལ་ལ་རོལ་ཐུབ་པ་བྱུང་ཡོད་ལ་ང་ཚོ་ལོ་ཆུང་བྱིས་པ་དག་ཀྱང་མཛེས་སྡུག་ལྡན་པའི་སློབ་གྲྭའི་ར་བར་རང་རང་གི་སློབ་ལ་འབད་པའི་དུས་བཟང་འདི་བྱུང་ཡོད།

བྱང་སྐར་སྤུན་བདུན་དང་འགྲོགས་ན་ལམ་ནོར་ཐེབས་མི་སྲིད་ལ། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་གསུངས་པ་ལྟར་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཏང་དང་མེས་རྒྱལ་གྱི་རྗེས་སུ་འབྲངས་ནས་རང་འཁྲིའི་སློབ་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱང་པ་བྱས་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་འཛུགས་བསྐྲུན་ལ་རང་ནུས་གང་ཡོད་འདོན་དགོས་ལ། ཏང་དང་མེས་རྒྱལ་གྱི་བཀའ་ལ་ཉན་ཞིང་མི་རིགས་ཁག་གི་མི་དམངས་དབར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་ལྡན་པ་དང་། མཛེས་པའི་ཕ་ཡུལ་ལྷོ་ཁ་སྔར་ལས་ལྷག་པ་ཡོང་བར་རང་ནུས་གང་ཡོད་འདོན་རྒྱུ་ནི་ང་ཚོའི་ཕྲག་སྟེང་གི་འགན་འཁྲི་དོར་དུ་མེད་པ་ཞིག་ཡིན་ནོ། །

རྒྱ་ཚྭ་རྫོང་སློབ་འབྲིང་ལོ་རིམ༩(༧)

ཟུར་ཁྲིད་དགེ་རྒན། ཚེ་རིང་རྡོ་རྗེ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明