http://zw.xzqnb.cn/Content/weixinlogo.png
ང་ཡི་ཕ་ཡུལ་ནི་སྙན་གྲགས་འཛམ་གླིང་ཕྱོགས་བཞིར་ཁྱབ་པའི་ཡར་ཀླུང་ག
http://zw.xzqnb.cn/m/content/2026-09/18/001983.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྷ་གདོང་ཤན་ཁའི་རླུང་དར་བཀླགས་པའི་མྱོང་ཚོར།

༄༅། །ང་ཡི་ཕ་ཡུལ་ལྷོ་ཁ།

༄༅། །ངའི་དམའ་འབྲིང་ལོ་གསུམ་གྱི་འཚོ་བ།

等待处理…

༄༅། །ང་ཡི་ཕ་ཡུལ་ལྷོ་ཁ།

作者 སྒྲོལ་དཀར་དབྱང་ཅན།
2026年09月18日

ང་ཡི་ཕ་ཡུལ་ནི་སྙན་གྲགས་འཛམ་གླིང་ཕྱོགས་བཞིར་ཁྱབ་པའི་ཡར་ཀླུང་གཙང་པོའི་ལྷོ་ངོས་མཚོ་རྩིས་མཐོ་ཚད་སྨི་གསུམ་སྟོང་ཙམ་གྱི་ས་མཐོའི་སྟེང་གནས་ཡོད་པ་དང་། དེ་གར་རྩྭ་སྣ་ཆུ་སྣ་འཛོམས་ཤིང་མཁའ་རླུང་ཡང་ཧ་ཅང་གཙང་། རྟ་ནོར་ལུག་གསུམ་ནི་མུ་མཐའ་མེད་པའི་རྩྭ་ཐང་སྟེང་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་འདྲ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་དང་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་འོག་ཕ་ཡུལ་གྱི་འཕོ་འགྱུར་ནི་བྱ་འཕུར་བ་ལྟར་མགྱོགས།

ང་རང་ཆུང་དུས་སུ་ཕ་ཡུལ་གྱི་རྣམ་པ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ག་ལ་ཡིན། མང་ཚོགས་ཀྱི་འཚོ་བ་ཡང་ད་ལྟ་དང་འདྲ་བར་བདེ་སྐྱིད་ལྡན་པ་ཞིག་མིན་ཞེས་བརྗོད་ཆོག ད་ཆ་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་བཀའ་དྲིན་འོག་ཕ་ཡུལ་གྱི་རྣམ་པ་ནི་གནམ་ས་བླ་འོག་ལྟ་བུའི་འགྱུར་བ་བྱུང་ཡོད། དེ་སྔའི་ཁ་ཐོར་དུ་གནས་ཤིང་རྙིང་ཧྲིལ་དུ་འགྱུར་ཡོད་པའི་ཁང་ཁྱིམ་དག་ད་ལྟ་བསྟར་འཕྲེང་བསྒྲིགས་པའི་ཐོག་བརྩེགས་ཁང་བཟང་དུ་བསྐྲུན་ནས་མང་ཚོགས་རྣམས་དཀར་ཆ་དོད་པའི་སྡོད་ཁང་ནང་གནས་སྤོ་བྱས་ཡོད་ལ་ཆུ་གློག་སོགས་གང་ཅིར་སེམས་ཁྲལ་གང་ཡང་བྱ་དགོས་མེད། དེ་སྔོན་གྱི་མི་ཕྱུགས་མཉམ་གནས་ཀྱི་རྣམ་པ་བསྒྱུར་ནས་ད་ལྟ་ང་ཚོའི་ཕྱུགས་རིགས་རྣམས་ལ་ཡང་དྲོ་སྐྱིད་ལྡན་པའི་ཚང་མལ་བསྐྲུན་ཡོད། ད་དུང་ཕ་ཡུལ་གྱི་འགྲིམ་འགྲུལ་ལའང་འགྱུར་ལྡོག་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་ནི་སྔར་ཕ་ཡུལ་ནས་གྲོང་ཁྱེར་དུ་བསྐྱོད་དགོས་ན་གཡང་གཟར་གྱི་ལ་ལུང་མང་པོ་བརྒྱུད་དགོས་ཀྱང་ད་ལྟ་ལྕགས་ལམ་དང་སྣུམ་ནག་གཞུང་ལམ་ལ་བརྟེན་ནས་སྐད་ཅིག་ཉིད་ལ་གྲོང་ཁྱེར་ལ་འབྱོར་ཐུབ་ཡོད། འདི་དག་ཚང་མ་ནི་ཏང་གིས་སྲིས་ཇུས་བཟང་པོའི་འོག་ཕ་ཡུལ་གྱི་ཕྱི་ནང་གང་སར་འགྱུར་ལྡོག་ངོ་མཚར་ཅན་དག་རང་ཉིད་ཀྱི་མིག་གིས་མངོན་སུམ་དུ་མཐོང་ཡོད་པའི་འཕོ་འགྱུར་ཆེན་པོ་ཞིག་ཡིན། ང་ཚོའི་མེས་རྒྱལ་ནི་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་མིན་ན་ད་ལྟའི་ང་ཚོའི་ཕ་ཡུལ་གྱི་འཕོ་འགྱུར་དེ་ག་ལ་ཡོད། ཡོད་ཚད་ཀྱི་ཡོད་ཚད་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་དང་ཁ་བྲལ་ཐབས་མེད།

ཨེ་མ། བདག་གི་ཕ་ཡུལ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་དང་། ཏང་གི་བཀའ་དྲིན་ནི་ཅི་འདྲའི་རླབས་ཆེ་བ་ལའང་། ང་ཚོས་ཇི་སྲིད་བར་དུ་ཏང་གི་བཀའ་དྲིན་དྲན་ཞིང་རང་གི་སློབ་སྦྱོང་ལ་འབད་པ་མཐར་ཕྱིན་བྱས་ནས་ཏང་གི་བཀའ་དྲིན་འཇལ་ཐུབ་པ་བྱ་དགོས་ལ་བདེ་སྐྱིད་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་ལ་འབད་པ་བྱ་དགོས་སོ། །

རྒྱ་ཚྭ་རྫོང་སློབ་འབྲིང་ལོ་རིམ༨(༤)

ཟུར་ཁྲིད་དགེ་རྒན། ཚེ་རིང་རྡོ་རྗེ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博