西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལྷ་གདོང་ཤན་ཁའི་རླུང་དར་བཀླགས་པའི་མྱོང་ཚོར། ༄༅། །ང་ཡི་ཕ་ཡུལ་ལྷོ་ཁ། ༄༅། །ངའི་དམའ་འབྲིང་ལོ་གསུམ་གྱི་འཚོ་བ།

放大 缩小 默认

༄༅། །ལྷ་གདོང་ཤན་ཁའི་རླུང་དར་བཀླགས་པའི་མྱོང་ཚོར།

□ 作者 སྐར་མ་སྒྲོལ་མ།

དཔེ་དེབ་ཀློག་པ་ནི་ཐོས་པ་གསོག་པའི་ཐབས་ལམ་གཅིག་པུ་དེ་མིན་ནའང་ཐབས་ལམ་ལེགས་ཤོས་དེ་ཡིན་པ་སྨོས་མི་དགོས། དཔེ་ཀློག་མང་ན་ཤེས་ཡོན་གྱིས་ཕྱུག ཤེས་ཡོན་གྱིས་ཕྱུག་ན་རྣམ་དཔྱོད་ཡངས་ཞེས་གསུངས་པ་ལྟར། གུས་མོས་མཐོ་གཉིས་ཀྱི་སློབ་དུས་དང་པོའི་གུང་གསེང་གི་འཚོ་བའི་ཁྲོད་དཔེ་ཀློག་ཐར་ཐོར་བྱས་པ་ལས། དེ་རིང་ངོ་སྤྲོད་དང་མྱོང་བ་ཕྲན་ཙམ་མཉམ་སྤྱོད་ཞུ་འདོད་པ་ནི«ལྷ་གདོང་ཤན་ཁའི་རླུང་དར»ཞེས་པ་འདི་ཡིན།

དང་པོ། རྩོམ་པ་པོ་དང་འབྲེལ་བའི་ལོ་རྒྱུས་ལ་རྒྱུས་ལོན་རགས་ཙམ་བྱེད་པ།

དཔེ་དེབ་འདིའི་རྩོམ་པ་པོ་ནི་ཨེ་ཕུར་བཀྲ་སྟེ་དངོས་མིང་ལ་ཕུར་བུ་བཀྲ་ཤིས་ཟེར། ཁོང་གིས་མཐོ་འབྲིང་སྐབས་ནས་བཟུང་དཔེ་ཀློག་དང་རྩོམ་འབྲིའི་བྱ་བར་རང་གི་ནུས་པས་ལྕོགས་ཚོད་ཀྱིས་རྟག་གུས་ཀྱི་བརྩོན་པ་གློད་པས། ལྗོངས་ཕྱི་ནང་གི་དུས་དེབ་ཁག་ཏུ་བརྩམས་སྒྲུང་དང་སྙན་རྩོམ། ལྷུག་རྩོམ། དཔྱད་རྩོམ་སོགས་གང་མང་སྤེལ་ཞིང་། ༢༠༡༡ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས«ལྷ་གདོང་ཤན་ཁའི་རླུང་དར»ཞེས་པ་དཔེ་སྐྲུན་བྱས། «ལྷ་གདོང་ཤན་ཁའི་རླུང་དར»ཞེས་པའི་བརྩམས་སྒྲུང་འདི་ལ་སློབ་ཆེན་སློབ་མ་སོགས་རྒྱ་ཆེའི་ཀློག་པ་པོས་ཤིན་ཏུ་མཉེས་པོ་གནང་བཞིན་ཡོད།

གཉིས་པ། དཔེ་དེབ་དེའི་ནང་དོན་རགས་ཙམ་གླེང་བ།

དཔེ་དེབ་དེའི་ནང་གི་མི་སྣ་གཙོ་བོ་སྙན་གྲགས་ནི་མཐོ་རིམ་སློབ་གྲྭ་ཐོན་ནས་སློབ་ཆེན་གྱི་བརྡ་ཐོར་རེ་སྒུག་བྱེད་པའི་སློབ་མ་ཞིག་ཡིན་འདུག དཀའ་སྤྱད་འབད་བརྩོན་བྱེད་པའི་རྒྱུ་ལས་འབྲས་བུ་བོད་ལྗོངས་སློབ་ཆེན་བོད་རིག་པའི་ཚན་ཁག་ཏུ་ཚུད། ཉིན་འགའ་ཤས་ལས་མ་འགོར་བར་སློབ་ཚུད་བརྡ་ཐོ་དམར་པོ་ཡང་ཁྱིམ་དུ་འབྱོར། ཞིང་ཁྱིམ་ནས་ཡོང་བའི་སྙན་གྲགས་ནི་རྒྱུས་མངའ་དབེན་པའི་ཁོར་ཡུག་ནང་གི་ངོ་རིས་ལ་ཡ་མཚན་པའི་རྣམ་འགྱུར་གྱིས་ཁེངས། སློབ་གྲྭའི་ནང་དུ་དང་ཐོག་ཨ་མདོ་ནས་ཡོང་བའི་ཚེ་རིང་རྣམ་རྒྱལ་དང་ངོ་ཤེས་ཐུབ་ནས་ཕན་ཚུན་དབར་གྱི་གྲོགས་པོའི་བརྩེ་སེམས་ཀྱི་ཕྲེང་བ་ཡང་མངོན་དུ་མེད་པའི་སྲད་བུ་ཞིག་ལ་རིམ་པར་བརྒྱུས། སློབ་ཚན་མེད་པའི་ཕྱི་དྲོར་ཚེ་རྣམ་རྒྱལ་གྱིས་ཨུ་ཚུགས་ཀྱིས་སྙན་གྲགས་ཕིང་ཕང་སྤོ་ལོ་རྩེ་རུ་ཁྲིད། ཕིང་ཕང་སྤོ་ལོའི་རྩེད་རའི་ཁྲོད་ནས་བདེ་ཆེན་སྐྱིད་ངོ་ཤེས་པ་མ་ཟད་ཕན་ཚུན་བརྩེ་དུང་གི་མྱུ་གུ་སྐྱེས་ནས་གནས་སྐབས་ཙམ་གྱི་བརྩེ་སེམས་ཀྱི་ལག་གདང་སྦྲེལ། སྙན་གྲགས་ཀྱིས་སློབ་གྲྭའི་སྒྲིག་ཁྲིམས་ནས་འགལ་བས་སློབ་གྲྭས་ཕྱིར་འབུད་བཏང་བས་གནོངས་འགྱོད་ཀྱིས་ཕ་ཡུལ་ལ་ལོག་དགོས་བྱུང་། བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་ཟེར་བ་ལྟར་ཁྱིམ་མི་རྣམས་བློ་ཕམ་གྱི་རྒྱ་མཚོར་ལྷུང་དུ་བཅུག ཡུལ་མི་རྣམས་ཀྱི་ལབ་གླེང་དང་ནང་མིའི་སྡང་ཁ་ལས་བྲལ་དགོས་བསམ་ནས་ཐག་རིང་གི་ལྕགས་རྡོ་འདོན་སའི་ལས་གྲྭར་ཕྱིན། དེའི་ཁྲོད་ཁོ་ལ་ཚོང་པ་བཀྲ་ཤིས་ཀྱི་རོགས་རམ་དང་རང་ཉིད་ཀྱི་བློ་རིག་ལ་བརྟེན་ནས་དབུ་ཁྲིད་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ཡང་མང་པོ་ཐོབ། སློབ་གྲྭ་ལས་ཕྱིར་འབུད་བཏང་བའི་དུས་ཚིགས་སུའང་ཕུགས་འདུན་གྱི་མེ་ལྕེ་དེ་སྔར་ལྟར་འབར་བཞིན་སློབ་སྦྱོང་ལ་ཡང་སྔར་བཞིན་འབད་པ་བྱས། འོན་ཀྱང་ཐེངས་དང་པོའི་མཐོ་རྒྱུགས་ཀྱི་གྲུབ་འབྲས་དེ་དམིགས་བསལ་བ་ཞིག་མ་ཐོབ། ལོ་གཉིས་ཀྱི་རྗེས་སུ་ཡིག་རྒྱུགས་བཏང་མཐར་གྲུབ་འབྲས་ལེགས་པོ་ཞིག་སྨིན་ནས་སླར་ཡང་སློབ་ཆེན་གྱི་འཚོ་བར་ལོག་པའི་རེ་བ་ཐོབ། དཔེ་དེབ་དེ་ལས་ང་ཚོའི་མ་འོངས་ཀྱི་འགྲོ་བའི་ལམ་གང་འདྲ་ཞིག་ཡིན་པར་ར་སྤྲོད་ཐུབ་པས། «ལྷ་གདོང་ཤན་ཁའི་རླུང་དར»ནི་འཚོ་བའི་གསེང་གསེང་ཁུག་ཁུག་ནས་སྤྱི་ཚོགས་ཀྱི་ཡོལ་བས་བསྒྲིབས་པའི་སྣང་བརྙན་དག་གསལ་ལེར་འཆར་བའི་མེ་ལོང་ཞིག་རེད་འདུག

གསུམ་པ། དཔེ་དེབ་ནང་གི་གཏམ་དཔེ་འགའ་ཞིག་ཕྱོགས་བསྡུས་བྱས་པ།

ལས་འཕྲོ་མི་རྒན་ཁ་སྤུ་བཞིན། །བཅད་ཀིན་བཅད་ཀིན་ཇེ་མང་ཡིན། །འགྲོ་ལ་མ་འགྲོའི་རྟ་ཕོ་ལས། །བློ་ཐག་ཆོད་པའི་རྐང་ཐང་སྐྱིད། །དཀའ་དུས་གྲོགས་པོའི་བཟང་ངན་ཤེས། །འདམ་ནང་རྟ་ཕོའི་ཤེད་ཤུགས་ཤེས། །སོགས་ཤིན་ཏུ་མང་ངོ་། །

བཞི་པ། རང་ངོས་ནས་དཔེ་དེབ་དེ་ལ་འཛིན་པའི་ལྟ་ཚུལ།

«ལྷ་གདོང་ཤན་ཁའི་རླུང་དར»ཞེས་པའི་དཔེ་དེབ་དེ་བཀླགས་པ་བརྒྱུད་ང་རང་ལ་བཞག་པའི་མྱོང་ཚོར་ཆེས་ཟབ་ཤོས་ནི། ཕ་མའི་བཀའ་བཀོད་ཀྱིས་བདེ་ཆེན་སྐྱིད་ལྕགས་བྱམས་དང་འཚོ་བ་སྐྱེལ་དུ་བཅུག ལོ་མང་གི་རྗེས་སུ་ལྕགས་བྱམས་ཀྱིས་ཕོ་མོའི་བར་གྱི་བརྩེ་དུང་ལ་མགོ་བསྐོར་བཏང་བས་ཁྱིམ་ཚང་གི་དྲོ་སྐྱིད་གཏོར་བཤིག་གཏོང་བའི་བྱེད་གཏེར་འགྱུར་བ་དེ་ཡིན། དེང་གི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དང་ང་ཚོའི་ཉེ་འཁོར་དུ་ལྕགས་བྱམས་དང་འདྲ་བའི་མི་མང་པོ་ཞིག་གང་སར་གནས་ཡོད། ང་ཚོ་ཚང་མའི་མི་ཚེའི་ཤུལ་ལམ་རིང་མོ་དེའི་སྟེང་དགའ་བར་འོས་པའི་མི་དང་བློ་གཏད་བཅོལ་སའི་མི་སོགས་གང་མང་གཅིག་འཕྲད་ཀྱི་ཡོད། སློབ་གྲྭ་ནི་མི་ཞིག་གི་འཚོ་བའི་ནང་ཆེས་དྭངས་གཙང་ཀྱི་སེམས་ཁམས་དང་ཆེས་ལྷད་མེད། ཆེས་སྐྱིད་ཤོས་ཀྱི་འཚོ་བ་ལྡན་པའི་ཁོར་ཡུག་གཅིག་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༠)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明