http://zw.xzqnb.cn/Content/weixinlogo.png
དེ་ཡང་ན་སོ་གཞོན་པའི་རྟ་མཆོག་གྱི་ལིང་ཞིག་ཡོད། དེས་རྟག་ཏུ་རྟ་ཉམ
http://zw.xzqnb.cn/m/content/2026-08/07/001913.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །དཔེ་ཀློག་གི་མྱོང་ཚོར་ཟིན་བྲིས་ཐོར་བུ།

༄༅། །རྟ་མཆོག་གྱི་ལིང་ཟོག་རོར་གྱུར་པ།

༄༅། །གྲོགས་མོ།

等待处理…

༄༅། །རྟ་མཆོག་གྱི་ལིང་ཟོག་རོར་གྱུར་པ།

2026年08月07日

དེ་ཡང་ན་སོ་གཞོན་པའི་རྟ་མཆོག་གྱི་ལིང་ཞིག་ཡོད། དེས་རྟག་ཏུ་རྟ་ཉམས་ཆོད་མཁན་གྱི་མི་ཞིག་བསྒུགས་ནས་སྡོད་ཀྱི་ཡོད།

ཚོང་པ་ཞིག་ཡོང་ནས། རང་ང་དང་མཉམ་དུ་ཨེ་འགྲོ་ཞེས་དྲིས་པས། རྟ་ཡིས། ང་ནི་རྟ་མཆོག་གྱི་ལིང་ཞིག་ཡིན་པས། ཚོང་པར་ཅ་ལག་དབོར་རོགས་བྱས་ན་ག་ལ་འགྲིག་ཅེས་མགོ་བོ་གཡུག་གཡུག་བྱེད་ཀྱིན་བཤད།

དམག་མི་ཞིག་ཡོང་ནས། རང་ང་དང་མཉམ་དུ་ཨེ་འགྲོ་ཞེས་དྲིས་པས། རྟ་ཡིས། ང་ནི་རྟ་མཆོག་གྱི་ལིང་ཞིག་ཡིན་པས། དམག་མི་དཀྱུས་མ་ཞིག་གི་ཞབས་ཕྱི་བྱས་ན་ག་ནས་འགྲིག་ཅེས་མགོ་བོ་གཡུག་གཡུག་བྱེད་ཀྱིན་བཤད།

ཡང་རྔོན་པ་ཞིག་ཡོང་ནས། རང་ང་དང་མཉམ་དུ་ཨེ་འགྲོ་ཞེས་དྲིས་པས། རྟ་ཡིས། ང་ནི་རྟ་མཆོག་གྱི་ལིང་ཞིག་ཡིན་པས། རྔོན་པའི་བཏང་ཐུང་རྒྱུག་མཁན་ཞིག་བྱས་ན་ག་ནས་ཡོང་ཞེས་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད།

དེ་ལྟར་ཉིན་མོ་ནས་ཟླ་བ་ཕྱིན་ཞིང་། ཟླ་བ་ནས་ལོ་སོང་རུང་། རྟ་དེར་སྔར་བཞིན་སེམས་ལ་བསམ་པ་ནང་བཞིན་གྱི་བསྐལ་པ་བཟང་པོ་ཡེ་ནས་ཐོབ་མེད།

ཉིན་ཞིག་གོང་མའི་ཕོ་ཉ་བཀའ་ལྟར་དམངས་ཁྲོད་དུ་རྟ་མཆོག་གྱི་ལིང་འཚོལ་བར་སླེབས། རྟ་མཆོག་གྱི་ལིང་གིས་གོང་མའི་ཕོ་ཉ་བཙལ་ནས། ང་ནི་ཁྱེད་ཀྱིས་འཚོལ་བའི་རྟ་མཆོག་གྱི་ལིང་དེ་ཡིན་ཞེས་བཤད། གོང་མའི་ཕོ་ཉས། ཁྱོད་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་ལམ་ཁ་ཤེས་སམ་ཞེས་དྲིས་པས། རྟ་ཡིས་མགོ་བོ་གཡུག་གཡུག་བྱས། གོང་མའི་ཕོ་ཉས་ཡང་། བྱས་ན། རང་དམག་སར་སྐྱོད་མྱོང་ངམ། དམག་ལ་ཞུགས་པའི་ཉམས་མྱོང་ཡོད་དམ་ཞེས་དྲིས་པས། རྟ་ཡིས་མགོ་བོ་གཡུག་གཡུག་བྱས། གོང་མའི་ཕོ་ཉས། ད་བྱས་ན། རང་གིས་ང་ལ་ཕན་ཅི་ཞིག་ཐོགས་ཀྱི་རེད་དམ་ཞེས་དྲིས་པས། རྟ་ཡིས། ངས་ཉིན་མོ་ལེ་དབར་ཆིག་སྟོང་དང་མཚན་མོ་ལེ་དབར་བརྒྱད་བརྒྱ་ཙམ་རྒྱུག་ཐུབ་ཀྱི་ཡོད་ཅེས་བཤད། གོང་མའི་ཕོ་ཉས་རྟ་ལ། ད་འོ་ན་གཅིག་རྒྱུགས་དང་། ངས་ལྟ་བར་བྱའོ་ཞེས་བཤད། དེ་མུར་རྟ་ཡིས་ཤེད་ཀྱིས་རྒྱུག་ཙ་ན། གོམ་པ་ཁ་ཤས་ལས་བརྒྱུགས་མེད་ཀྱང་། དབུགས་ཧལ་བའི་ཁར་རྔུལ་ཆུ་ཁྲུམ་ཁྲུམ་དུ་ཤོར་བས། གོང་མའི་ཕོ་ཉས། རང་རྒས་ཚར་བཞག གོ་ཆོད་པ་མི་འདུག་ཅེས་ཤོད་ཀྱིན་ཕྱིར་ལོག་གོ །

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博