http://zw.xzqnb.cn/Content/weixinlogo.png
གྲོགས་བཟང་པོ་སྨན་གྱི་ལྗོན་པ་དང་། །གྲོགས་ངན་པ་དུག་གི་སྡོང་པོ་ཡ
http://zw.xzqnb.cn/m/content/2026-06/19/001839.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ན་མཉམ་སློབ་མར་སྐུལ་བའི་ཀ་བཤད།

༄༅། །ངའི་རོགས་པ་ཡག་ཤོས།

等待处理…

༄༅། །ངའི་རོགས་པ་ཡག་ཤོས།

作者 ཚེ་རིང་སྐྱིད་མོ།
2026年06月19日

གྲོགས་བཟང་པོ་སྨན་གྱི་ལྗོན་པ་དང་། །གྲོགས་ངན་པ་དུག་གི་སྡོང་པོ་ཡིན། །ཟེར་བ་ལྟར་ང་རང་ལའང་ད་བར་དུ་སྤུན་མཆེད་ཀྱི་འབྲེལ་བ་མེད་པའི་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཡོད་ལ། ཉེ་དགའ་འབྲེལ་གྱི་འབྲེལ་བ་ཡོད་པ་ཡང་དུ་མ་ཞིག་མཆིས། ལྷག་པར་དུ་ཆུང་ནས་ད་བར་དུ་མཉམ་དུ་རྩེད་མོ་བརྩེས་ནས་ལྷན་དུ་འཚར་ལོངས་བྱུང་བའི་ཆུང་འདྲིས་ཀྱི་གྲོགས་མོ་ཡང་མང་དག་ཅིག་ཡོད། དེ་ཚོའི་ནང་ནས་ད་ཐེངས་ངའི་སྐབས་བབ་ཀྱི་འཆད་བྱ་ནི་གྲོགས་མ་དེ་དག་ཁྲོད་དམིགས་བསལ་ཚ་ཤོས་དང་ཁྱད་མཚར་ཤོས་ཀྱི་རོགས་པ་དེ་ཡིན།

གཟུགས་ང་ལས་ཅུང་ཙམ་ཆེ་བ་དང་། ངོ་གདོང་སེར་བའི་སྒང་ལ་ཀུ་ཤུ་ལྟར་དམར་བའི་མཁུར་ཚོས་ནི་ཞལ་གྱི་གཡས་གཡོན་དུ་མངོན་ཚན་ཆེ། མོ་རང་དུས་རྒྱུན་ངོ་གནོང་པའམ་སེམས་འཚབ་པ་བཅས་ཀྱི་སྐབས་སུ་ངོ་གདོང་ལམ་སེང་དམར་པོ་དམར་རྐྱང་དུ་འགྱུར་འགྲོ་གི་ཡོད་ལ། མོ་རང་ང་དང་ཆ་འདྲ་བ་ནི་ངེད་གཉིས་ཀའི་མིག་ལ་ཀྲི་ག་མེད་པ་དང་། རྩེད་མོའི་རིགས་ལས་དགའ་ཤོས་ནི་ལག་རྩེད་སྤོ་ལོ་རྒྱག་རྒྱུ་དེ་ཡིན།

དུས་རྒྱུན་ང་ཚོ་མཉམ་དུ་སྤོ་ལོ་རྒྱག་སྐབས། མོའི་དགེ་མཚན་ནི་གཟུགས་པོ་རིང་པོ་ཡོད་པས་སྤོ་ལོ་མང་པོ་སྙོབ་ཐུབ་པ་དང་། དཔུང་ལག་རིང་པོ་ཡོད་པའི་རྐྱེན་གྱིས་སྤོ་ལོ་མང་པོ་བཀག་ནས་གཞན་གྱི་ལག་ནང་འཕྲོག་ཐུབ་པ་ནི་མོའི་སྤོ་ལོ་རྒྱག་སྐབས་ཀྱི་དགེ་མཚན་གཙོ་བོ་ཡིན།

སློབ་ཆུང་དུས་སུ་མོ་རང་ནི་བོད་ཡིག་ཡིག་གཟུགས་ལ་དགའ་པོ་ཡོད་པ་མ་ཟད། བོད་ཡིག་གི་སྦྱངས་འབྲས་ཀྱང་ཧ་ཅང་བཟང་པོ་ཡོད། བོད་ཡིག་ཡིག་གཟུགས་ལེགས་པོ་ཡོད་པའི་རྐྱེན་གྱིས་དུས་རྒྱུན་ཉིན་གུང་ཁ་ལག་ཟོས་ཚར་རྗེས་ཀྱི་ངལ་གསོའི་དུས་ཚོད་རིང་། མོ་རང་གཏན་ཁེལ་གྱི་ཡིག་གཟུགས་སྦྱང་གནས་སུ་རྒན་ལགས་ཀྱི་སར་ཡིག་གཟུགས་སྦྱོང་བར་འགྲོ་དགོས་ཀྱི་ཡོད། སློབ་ཆུང་ཐོན་རན་ཁར་ཁོང་ཚོ་ཡིག་གཟུགས་ལ་བྱང་ཆ་ཡོད་པའི་སློབ་མ་རྣམས་ཆེད་མངགས་ཐང་གའི་སྟེང་དུ་ཡི་གེ་འབྲི་རུ་བཅུག་སོང་བས། ང་མོ་རང་ལ་ཡི་རངས་ཚད་མེད་སྐྱེས་ནས་མོ་རང་ངའི་མིག་དཔེ་ལྟ་བུར་འགྱུར་སོང་།

ད་དུང་དབྱར་རྩྭ་དགུན་འབུ་བརྐོ་སྐབས་འབུ་བརྐོ་བར་འགྲོ་སའི་ལུང་པ་གཅིག་པ་ཡིན་པས། འབུ་བརྐོ་སྐབས་ངེད་གཉིས་པོས་ཕ་མ་ལ་མཉམ་དུ་གཏོང་རྒྱུའི་རེ་བ་ཞུ་གི་ཡོད། དེ་ནས་སོ་སོའི་ཕ་མས་ཉིན་དེར་འབུ་ག་ཚོད་རྙེད་པ་བྱེད་རྒྱུའི་འོས་འགན་གཏན་ཁེལ་བྱས་རྗེས་ངེད་གཉིས་མཉམ་དུ་འགྲོ་རྒྱུའི་མོས་མཐུན་བྱེད། ངེད་གཉིས་ལྷན་དུ་འགྲོ་སྐབས་སྐབས་རེ་ནན་ཏན་བྱས་ནས་འབུ་བརྐོ་བ་དང་། སྐབས་རེ་མཉམ་དུ་རྣམ་གཡེང་ངང་སྐད་ཆ་འདྲ་བཤད་ནས་སྡོད་ཀྱི་ཡོད། ཡང་སྐབས་རེ་འགྲན་སྡུར་བྱེད་པ་བཞིན་འབུ་འཚོལ་བར་བྱེད། ཡིན་ན་ཡང་མོ་ང་ལས་འབུ་ལོན་ཆེ་བས་མཉམ་དུ་ག་དུས་སོང་ཡང་མོ་རང་གིས་འབུ་བརྐོ་པའི་གྲངས་ཀ་ང་ལས་མང་བ་མིན་པ་མེད། སྐབས་རེ་ལས་འགན་མ་འགྲུབ་པས། ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ཟིན་ནས་མི་ཚང་མ་ནང་ལ་ལོག་སྐབས་ངེད་གཉིས་ནི་སྨྱོ་བ་ལྟར་འབུ་བཙལ་ནས་མི་ལོག་པ་དང་། དུ་ཙམ་མ་རྙེད་པ་དེ་ཙམ་གྱིས་ཁ་སྐོང་ཐབས་ཁོ་ནར་འབད། མོ་ནི་འབུ་ལོན་ཡག་པས་རྟག་པར་ངའི་སྔོན་ལ་གྲངས་ཚད་ལོན་གྱི་ཡོད། ཉི་མ་ནུབ་ལས་ཞུད་རན་རུང་ངའི་འབུ་ཁ་ད་དུང་མི་གང་བས་མོས་སེར་སྣ་མེད་པའི་ངང་ངའི་ཆད་ཁ་སྐོང་རོགས་བྱེད་པ་མ་ཟད། གྲངས་ཀ་མང་པོ་ཡིན་ཚེ་མོས་ངང་རྒྱུན་རིང་པོས་སྒུག་རོགས་བྱེད། ངས་བལྟས་ན་དེ་འདྲ་ཞིག་ལ་ད་གཟོད་རོགས་པ་ཡག་པོ་ཞེས་པའི་མིང་ཐོབ་ངེས་སྙམ།

ངེད་གཉིས་པོ་ཕལ་ཆེར་བགྲང་བྱ་དགུ་ལ་ཉེ་བ་ལྷན་དུ་གཤིབ་འདུག དེའི་རིང་ཕན་ཚུན་བར་ལ་འགྲིག་འགྲིག་མཐུན་མཐུན་རྐྱང་མིན་པར་ཁ་རྩོད་ཀྱང་མང་པོ་ཤོར་མྱོང་ཡོད། ཡིན་ནའང་བཀྲ་མ་ཤིས་པའི་དོན་དེ་དགའ་སྐྱིད་ཀྱི་སྣང་བ་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད། སློབ་ཆུང་སྐབས་ང་རང་ཉལ་ཁང་དུ་སྦྱོང་ཚན་འབྲི་སྲོལ་མེད་པའི་གོམས་གཤིས་ངན་པ་ཞིག་ཡོད་པས། མོ་ནི་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ཞིང་ཉལ་ཁང་དུ་སླེབས་རྗེས་ཐོག་མར་སྦྱོང་ཚན་ལེགས་གྲུབ་བྱེད་ཅིང་། སྦྱོང་ཚན་ལེགས་གྲུབ་མ་ཐུབ་ན་གཏན་ནས་ཉལ་སྲོལ་མེད་པས། ཕྱིས་སུ་ང་རང་མོའི་ཤུགས་རྐྱེན་འོག་རིམ་བཞིན་སྦྱོང་ཚན་དུས་ཐོག་ཏུ་འབྲི་བའི་གོམས་གཤིས་ཆགས། ང་ལ་མཚོན་ན་གྲོགས་མོ་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན།

རང་ལ་རོགས་པ་བཟང་པོ་ཞིག་ཡོད་ན། དེ་བཞིན་དུ་ཤུགས་རྐྱེན་བཟང་པོ་རིམ་བཞིན་རང་གི་ལུས་ཐོག་ལ་སྨིན་གྱི་འདུག མ་རབས་ཐ་ཤལ་གྱི་ལས་སྣེ་གཅིག་ལ་ཡང་མི་འཇུག་པས་ཉིན་གང་པོ་སེམས་པ་དགའ་ཡེ་ལེར་འདུག མཇུག་མཐར་ངའི་བརྩེ་བ་ཟབ་ཤོས་དང་སྙིང་ཉེ་ཤོས་ཀྱི་གྲོགས་མོ་ཚེ་དབང་བདེ་སྒྲོལ་ཅི་བསམ་ལྷུན་འགྲུབ་ཡོང་པའི་སྨོན་འདུན་ཞུའོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博