http://zw.xzqnb.cn/Content/weixinlogo.png
ཀ་ལ་པིང་ཀའི་སྐད་གདངས་དཔེ་ཀློག་སྒྲ། །ཁ་བདེ་སྨྲ་ལྕེ་འཁྱུག་པའི་ས
http://zw.xzqnb.cn/m/content/2026-06/19/001838.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ན་མཉམ་སློབ་མར་སྐུལ་བའི་ཀ་བཤད།

༄༅། །ངའི་རོགས་པ་ཡག་ཤོས།

等待处理…

༄༅། །ན་མཉམ་སློབ་མར་སྐུལ་བའི་ཀ་བཤད།

作者 པ་སངས་ཚེ་རིང་།
2026年06月19日

ཀ་ལ་པིང་ཀའི་སྐད་གདངས་དཔེ་ཀློག་སྒྲ། །

ཁ་བདེ་སྨྲ་ལྕེ་འཁྱུག་པའི་སློབ་རར་ཁྱབ།

ག་བྱེད་འདི་བྱེད་མེད་པར་སྡོད་མི་རུང་། །

ང་ཚོས་བོད་གསར་འཛུགས་སྐྲུན་བྱེད་པར་འབད། །

ཅ་ཅོ་རང་བཞིན་ངན་པར་མགོ་མ་གཡེང་། །

ཆ་འཇོག་རུང་བའི་གྲགས་རྩོམ་དཔེ་ཀློག་གྱིས། །

ཇ་ཁང་སོགས་ལ་ཉི་མ་མ་བསྐྱལ་བར། །

ཉ་རྒྱས་ཟླ་ལྟར་འཕེལ་བའི་བརྩོན་ལེན་གྱིས། །

ཏ་ཐའི་གསུང་རབ་གདམས་ངག་ཧུར་གྱིས་སྦྱོང་། །

ཐ་ཤལ་མ་རུང་བྱ་བར་བྱོལ་ནས་སོང་། །

ད་ལྟ་གཉིད་ལས་སོད་ཅིག་སློབ་མ་ཚོ། །

ན་ཚོད་དར་བའི་གཞོན་ནུའི་དུས་འདིར་གཅེས། །

པ་ཕ་ཨ་མའི་བསླབ་བྱ་སེམས་ལ་ཞོག །

ཕ་བཟང་བུ་རྒྱུད་མང་པོའི་ཕུད་ནི་ཁྱོད། །

བ་གླང་ལྟ་བུའི་མི་ཞིག་བྱེད་མི་རུང་། །

མ་འོངས་མི་ཚེའི་ཆེད་དུ་འབད་བརྩོན་གྱིས། །

རྩ་ཆེའི་མི་ལུས་འདི་ལ་དམ་འཛིན་བྱེད། །

ཚ་གྲང་མི་སྙོམས་འཛམ་གླིང་ཆོས་ཉིད་ཡིན། །

ཛ་ཛོར་སེམས་ལ་གཙང་སྦྲ་མང་ཙམ་གྱིས། །

ཝ་མོ་ལྟ་བུའི་གཤིས་རྒྱུད་དེ་སྤོངས་ཤིག །

ཞྭ་དཔེ་ལྷམ་འགེབས་བྱེད་པའི་གོམས་གཤིས་དང་། །

ཟ་རི་ཟི་རིའི་བྱེད་ལུགས་མང་དྲགས་ན། །

འ་ཅག་ཀུན་ལ་མི་ཕན་གད་སྙིགས་ཆགས། །

ཡ་རབས་ཚུལ་ལྡན་མི་ཞིག་བྱེད་པར་བརྩོན། །

ར་བས་བསྐོར་བའི་སློབ་རའི་ནང་དུ་འམ། །

ལ་ཀླུང་གང་དུ་སླེབས་ཀྱང་སེམས་བཟང་དགོས། །

ཤ་ཁྲག་རུས་པས་གྲུབ་པའི་ཕུང་པོ་འདི། །

ས་ཆ་འདི་རུ་དོན་ཡོད་བྱ་བར་འཇུག །

ཧ་ཅང་དཀོན་པའི་མི་ལུས་རིན་ཆེན་འདིར། །

ཨ་ཙི་རིག་གནས་མི་སྦྱོང་ཕངས་པ་ལ། །

ཧ་ཅང་བཟང་བའི་དུས་རབས་ཉེར་གཅིག་འདིར། །

ཨ་མའི་ལོ་ལོས་དུས་རབས་རྗེས་ཟིན་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༥)

ཟུར་ཁྲིད་དགེ་རྒན། ཉི་ཕན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博