http://zw.xzqnb.cn/Content/weixinlogo.png
གྲོགས་པོ་ཆུང་ཆུང་ཚོ། དུས་ཚོད་ནི་བར་མི་ཆད་པའི་ཆུ་རྒྱུན་དང་གཉིས
http://zw.xzqnb.cn/m/content/2026-02/27/001655.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྷ་སའི་མཐོང་ཐོས།

༄༅། །དུས་ཚོད་ཀྱི་རིན་ཐང་།

༄༅། །ལུག་རྫི་བུ་མོ།

“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་དང་ཁྲོམ་རའི་སྒུལ་ནུས་ཆེན་པོ་གཉིས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

等待处理…

༄༅། །དུས་ཚོད་ཀྱི་རིན་ཐང་།

作者 ཚེ་རིང་སྐྱིད་མོ།
2026年02月27日

གྲོགས་པོ་ཆུང་ཆུང་ཚོ། དུས་ཚོད་ནི་བར་མི་ཆད་པའི་ཆུ་རྒྱུན་དང་གཉིས་སུ་མ་མཆིས་པ་སྟེ། རྒྱུན་དུ་ངལ་གསོ་མ་བརྒྱབ་པ་དེ་ཤེས་སམ། དུས་ཚོད་ནི་རྟ་ཕོ་ལྕག་གིས་འདེད་པ་ལྟར་འགྲོ་མགྱོགས་པ་ལ་ཨང་། འཁྱུག་ཙམ་ཞིག་ལ་ང་ཚོ་ཚང་མ་ལོ་ཆུང་བྱིས་པ་ཞིག་ནས་ཕོ་གཞོན་མོ་གཞོན་ལ་འགྱུར།

ང་ཚོས་སློབ་སྦྱོང་ལ་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འབད་པ་ལྷོད་མེད་བྱེད་དགོས། དེ་ལས་ལྡོག་སྟེ་དེ་རིང་གི་ལས་ཀ་ཚང་མ་སང་ཉིན་དང་། སང་ཉིན་གྱི་ལས་ཀ་ཚང་མ་གནངས་ཉིན་ལ་ནར་འགྱངས་བྱས་ཚེ་དུས་ཚོད་འཕྲོ་བརླག་དང་རང་ཉིད་ཀྱི་མི་ཚེ་ཡང་རིན་ཐང་མེད་པ་ཞིག་ཏུ་འགྱུར་ངེས་ཡིན། འོ་ན་གང་འདྲ་བྱས་ན་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བྱེད་དགོས་ཞེ་ན། དེ་ལ་ཐབས་ལམ་བརྗོད་ཀྱི་མི་ལང་པ་ཡོད། དཔེར་ན། དེ་རིང་བྱེད་དགོས་པའི་ལས་ཀ་ཚང་མ་ཤོག་བུར་བྲིས་ནས་དེ་དག་རེ་རེ་བཞིན་དུ་ཉིན་དེའི་ནང་ཐག་གཅོད་བྱེད་པ་ལས་དེ་རིང་གི་ལས་ཀ་སང་ཉིན་ལ་བསྐྱུར་མི་རུང་། ད་དུང་དུས་རྒྱུན་དུ་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་ནི་ང་ཚོའི་ད་ལྟའི་ལས་འགན་ཆེ་ཤོས་དེ་ཡིན་པ་རྟོགས་དགོས། སློབ་གྲོགས་སྤྱོད་ངན་གྱི་ཁ་ལ་ཉན་ནས་ཉི་མ་གང་འཁྱོལ་བྱས་ནས་བསྡད་ན། རང་ཉིད་ཀྱི་དུས་ཚོད་འཕྲོ་བརླག་ཏུ་ཕྱིན་པ་མ་ཟད་སློབ་སྦྱོང་གི་གོ་སྐབས་ཚང་མ་ཤོར་འགྲོ་བ་ཐེ་ཚོམ་མེད།

དུས་ཚོད་ནི་ཡིད་ཆེས་དང་རེ་བས་ཁེངས་པའི་མ་འོངས་པ་ཡིན་ལ་ལྷག་པར་དུ་ད་ལྟའི་རང་ཉིད་ལ་དབང་བའི་རིན་ཐང་བྲལ་བའི་ནོར་ཞིག་ཀྱང་ཡིན། དེར་བརྟེན་ང་ཚོས་དུས་ཚོད་ལ་གཅེས་སྤྲས་དང་དམ་འཛིན་གྱིས་ཤེས་བྱ་རིག་པའི་གནས་ལ་བརྩོན་འགྲུས་བྱས་ནས་རྗེས་སུ་གཞན་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས། དེ་ནི་ང་ཚོ་ཚང་མའི་འོས་འགན་ཡིན་པ་ཤེས་དགོས། མི་ཚེ་ནི་ཧ་ཅང་གི་རིང་པོ་ཟེར་ན་རིང་པོ་ཞིག་དང་ཧ་ཅང་གི་ཐུང་ཐུང་ཟེར་ན་ཐུང་ཐུང་ཅིག་ཡིན་པས། ང་ཚོས་དུས་ཚོད་ཀྱི་རིན་ཐང་ཤེས་ནས་དེ་ལ་མཐོང་ཆེན་བྱས་ན་རྒན་ལགས་དང་ཕ་མའི་རེ་བ་སྒྲུབ་ཐུབ་པ་མ་ཟད་རང་ཉིད་ཀྱི་ཕུགས་བསམ་ཡང་མངོན་འགྱུར་བྱེད་ཐུབ། དུས་ཚོད་ནི་འཁོར་ལོ་དང་གཉིས་སུ་མ་མཆིས་པས་མིག་བཙུམ་ཐེངས་གཅིག་ལ་སློབ་དུས་གཅིག་ཕྱིན་པའི་ཚོར་སྣང་འདུག ད་ལྟ་ང་ཚོས་མུ་མཐུད་ནས་དུས་ཚོད་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་མི་ཚེ་འཕྲོ་བརླག་ཏུ་མི་འགྲོ་བ་བྱེད་དགོས།

དྲིན་ཆེན་ཕ་མ་གཉིས་ཀྱིས། །ང་རང་དྲིན་གྱིས་བསྐྱངས་བྱུང་། །དྲིན་ཆེན་དགེ་རྒན་རྣམས་ཀྱིས། །ང་ལ་ཡོན་ཏན་བསླབས་བྱུང་། །ཀྭ་ཡེ་སློབ་མ་རྣམ་པ། །དུས་ཚོད་གཅེས་སྤྲས་བྱས་ཏེ། །སློབ་ལ་འབད་བརྩོན་གྱིས་དང་། །རྗེས་སུ་འབྲས་བཟང་སྨོན་ཡོང་། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། ལྷ་མོ་དབྱངས་ཅན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博