西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལྷ་སའི་མཐོང་ཐོས། ༄༅། །དུས་ཚོད་ཀྱི་རིན་ཐང་། ༄༅། །ལུག་རྫི་བུ་མོ། “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་དང་ཁྲོམ་རའི་སྒུལ་ནུས་ཆེན་པོ་གཉིས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

放大 缩小 默认

༄༅། །ལུག་རྫི་བུ་མོ།

ཉག་ཕྲ་བའི་ཚེ་སྲོག་གི་ས་བོན་ཞིག གཡང་དཀར་འབའ་སྒྲས་བཀང་བའི་རི་གྲོང་དེར་ལྷུངས་པའི་ཉིན་དེ་ནས་བཟུང་། སྤང་ལྗོངས་སྔོན་མོའི་མེ་ཏོག་དང་མཉམ་དུ་འཚར་ཞིང་། ལུ་གུའི་འབའ་སྒྲ་དང་མཉམ་དུ་འཚར་ལོངས་བྱུང་བའི་ལུག་རྫི་བུ་མོ་ཆུང་ཆུང་། སྤྲིན་པའི་ལྭ་གོས་གྱོན་པའི་འབྲོག་གཞིས་དཀྱུས་མ་ཞིག་ཏུ། ཁྱོད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཡིག་འབྲུ་ཐོར་ཡོད།

ཞོགས་པའི་སྐྱ་རེངས་ཤར་རིའི་རྩེ་ནས་འཕྲོ་དུས། སྨུག་ཞག་འཐིབས་པའི་རི་འདབས་ནས། མཁུར་ཚོས་དམར་པོ་བྱུ་རུས་རྒྱན་པའི་བུ་མོ་ཆུང་ཆུང་ཞིག འཕྱིང་དཀར་ལུས་ལ་གྱོན་ཞིང་འུར་ཐག་སྐེད་ལ་དྲངས་ཏེ། འབའ་འབའ་ལུ་གུའི་རྗེས་ནས་རྫི་གླུ་ལེན་ཞོར། སྤྲིན་དཀར་ལུག་ཁྱུ་འདྲེས་པའི་སྤང་ཐང་ན། གཡང་དཀར་ལུག་ཁྱུ་མིག་གིས་འཚོས།

གཡོ་སྒྱུ་རྫུ་བག་ལ་གཏན་ནས་མ་གོམས་པའི་ཁྱོད། ནག་ནོག་གི་དྲི་མས་མ་སྦགས་པའི་དྭངས་གཙང་གི་སེམས་གཤིས་ལྷན་སྐྱེས་སུ་མངའ། ཁྱོད་ཀྱི་མི་ཚེའི་ཆ་ཤས་མང་པོ་ཞིག་གཡང་དཀར་ལུག་ཁྱུའི་སུག་རྗེས་ཁྲོད་དུ་ཟད་ཅིང་། དྭངས་གཙང་ལྷད་མེད་ཀྱི་རང་གཤིས་རྣལ་མ་དེས། རི་གྲོང་དེའི་རྒན་དར་གཞོན་གསུམ་ཡིད་སྨོན་འཆོར་བ་ཉུང་ཉུང་ག་ལ་ཡིན།

དབྱར་གསུམ་ཆར་ཆུས་བརླན་ཞིང་། དགུན་གསུམ་གྲང་ངར་གྱིས་བསྡམས་དུས། སྤྲིན་པ་ལང་ལོང་འདི་ཁྱོད་ཀྱི་རྫི་རོགས་ཡིན་ལ། ཉི་འོད་འཇམ་པོ་དེ་ཁྱོད་ཀྱི་སེམས་རྟེན་ཡིན། །

མེ་ཆར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明