http://zw.xzqnb.cn/Content/weixinlogo.png
ཅང་ཤེས་རྟ་མཆོག་སྤང་ལྗོངས་གཡུ་ཡི་ཐོག་ན་བང་རྩལ་ངོམ། དེ་ཡི་རྒྱུག
http://zw.xzqnb.cn/m/content/2026-02/06/001633.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གྲོགས་པོ་བཟང་ངན།

༄༅། །བརྩོན་འགྲུས།

༄༅། །དམའ་འབྲིང་གི་འཚོ་བ།

༄༅། །མཉམ་ལས།

等待处理…

༄༅། །དམའ་འབྲིང་གི་འཚོ་བ།

作者 བློ་བཟང་ཚེ་རིང་།
2026年02月06日

ཅང་ཤེས་རྟ་མཆོག་སྤང་ལྗོངས་གཡུ་ཡི་ཐོག་ན་བང་རྩལ་ངོམ། དེ་ཡི་རྒྱུག་ལུགས་སྔར་དང་འགྲན་ཐབས་ཡེ་ནས་མེད། གཞོན་པའི་ལང་ཚོ་ཕ་ཡུལ་འཛུགས་སྐྲུན་གྱི་སླད་དུ་དཀའ་བ་སྤྱོད། དེ་ཡི་སྦྱོང་པའི་སྟོབས་ནི་རྔུལ་ཆུ་གྲངས་མེད་ཀྱི་ཉིན་མཚན་དང་བྲལ་ཐབས་མེད། ད་ལྟ་ང་ཚོའི་དམའ་འབྲིང་སློབ་མ་རྣམས་མི་ཚེའི་རྒྱ་གྲམ་ལྟ་བུའི་ལམ་མདོར་སླེབས་པས། འབད་པའི་སྐབས་སུ་དུས་ལ་བབས་པ་ལོས་ཡིན་ཨང་།

ང་རང་དམའ་འབྲིང་ལོ་རིམ་གསུམ་པ་སླེབས་པ་ནས་བཟུང་ལག་ཐོགས་ཀྱི་ཞ་སྨྱུག་དེ་ལྗིད་ཚད་ཆེ་རུ་སོང་འདུག ངས་ཀྱང་མི་གཞན་གྱི་སྨྱུ་གུར་བལྟས་ཚེ། ང་ལྟར་དུ་སྨྱུ་གུ་དེ་ཡང་ལྗི་ཏིག་ཏིག་ཏུ་གྱུར་པ་མཐོང་ཐུབ། ང་རང་དེ་ལྟར་གྱུར་པའི་རྒྱུ་མཚན་ལ་དབྱེ་ཞིབ་བྱས་ཚེ། ངས་ཤེས་རྟོགས་ཐུབ་པ་ནི་སྔར་དང་མི་འདྲ་བར་རང་རང་གི་འགན་འཁྲི་དང་གཞན་དག་གི་རེ་བ་བཅོལ་བ་མང་དུ་སོང་བས། རང་གི་བྱ་སྤྱོད་དེ་ལས་ངས་རང་ཉིད་ཀྱི་མ་འོངས་འོད་ཀྱིས་ཁེངས་ཤིང་། ཡབ་ཡུམ་གཉིས་ཀྱི་ཞལ་རས་ལ་འཛུམ་མདངས་རྒྱས་ཐུབ་པའི་སྔོན་དཔག་ཐུབ།

སློབ་ཚན་འཚོགས་པའི་དྲིལ་སྒྲ་དེ་ཡང་དུས་རྒྱུན་དང་མི་འདྲ་བར། ངའི་རྣ་བར་ཐོས་སྐབས་དེ་ཡི་ནང་དུ་བྲེལ་འཚུབ་ཀྱི་མཁའ་དབུགས་ཤིག་ཁྱབ་འདུག་ལ། དེ་ནི་གཡུལ་སར་གནས་པའི་དམག་མི་ཚོའི་གཡུལ་འཐབ་ཀྱི་དམག་དུང་སྒྲ་དང་འདྲ་བར་ཐོས་མ་ཐག་ཏུ་ང་ལ་ཤེས་བྱ་མང་པོ་དེ་མ་ཐག་ཐོབ་ན་སྙམ་པའི་རྒྱལ་ཁའི་རེ་འདུན་གྱིས་ཀུན་ནས་བསླངས་ཏེ་རང་དབང་མེད་པར་རྣ་ཅོག་ཀྲོང་ཀྲོང་གིས་ཉན་པ་དང་། དྲིལ་སྒྲ་དེས་ཀྱང་མཐའ་ཡས་ཀྱི་གཉིད་དང་རྨུགས་པ་ཡོངས་རྫོགས་རྩད་ནས་འཇོམས། དེས་བདག་ལ་ད་ལྟ་དངོས་སུ་འགག་རྩའི་དུས་ལ་སླེབས་པར་དྲན་སྐུལ་བྱེད། གྲང་ཤུར་ཤུར་གྱི་རླུང་བ་མཁའ་ལ་ལྡིང་བ་ན་སྐད་གསང་མཐོན་པོས་ང་ཚོར་རང་ཡུལ་གྱི་རྒྱན་ཆ་མཛེས་ཤོས་སུ་འགྱུར་བར་ཤོག་ཅེས་སྨོན་འདུན་ཞུ་བ་དང་མཚུངས།

མ་འོངས་ཀྱི་ཕ་ཡུལ་ནི་ང་ཚོརབརྟེན་དགོས། ད་ལྟ་ནི་དམའ་འབྲིང་གི་ལོ་མཐའ་མ་སྟེ་འགག་རྩའི་དུས་ལ་སླེབས་པས། ང་ཚོས་ཤེས་བྱ་སྦྱོང་བའི་ལམ་དུ་འབད་པ་བྱེད་དགོས་པས། སྐར་ཆ་གཅིག་ཀྱང་སྣང་ཆུང་མ་བྱས་པར་ཤེས་བྱའི་ལམ་དུ་འབད་དགོས།

ད་ལྟ་ང་ཚོས་ཤེས་བྱ་སྦྱོང་བའི་ལམ་བར་དུ་སྤྱད་པའི་དཀའ་ཚེགས་ཀྱི་ཉིན་མཚན་གྲངས་མེད་ནི་མ་འོངས་ལམ་བུའི་ཐོག་གི་ཚད་མེད་ཀྱི་འོད་སྣང་དུ་འགྱུར་ངེས་ལ། ཤེས་བྱའི་དོན་དུ་སྤྱད་པའི་རྔུལ་ཆུ་ཡོངས་རྫོགས་རེ་བ་དང་ལྡན་པའི་མ་འོངས་ཀྱི་ས་ཞིང་དེར་ལོ་འབྲས་རབ་ཏུ་སྨིན་པའི་བདུད་རྩིའི་ཆར་རྒྱུན་དུ་འགྱུར་ངེས་ཡིན་ནོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博