西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གྲོགས་པོ་བཟང་ངན། ༄༅། །བརྩོན་འགྲུས། ༄༅། །དམའ་འབྲིང་གི་འཚོ་བ། ༄༅། །མཉམ་ལས།

放大 缩小 默认

༄༅། །མཉམ་ལས།

ཁོར་ཡུག་ཡོངས་འཇམ་ཐིང་ངེར། དབེན་འཇམ་མེར་གནས་པའི་མཚན་མོ་ཞིག་ལ། སྒོ་ལྕགས་ཀྱིས་ལྡེ་མིག་གིས་གཉིད་དཀྲོགས་པར་འཁང་ར་དང་བཅས་ཏེ་ལྡེ་མིག་ལ། “ངས་ཉིན་ལྟར་དཀའ་ངལ་ཁྱད་བསད་ཀྱིས་སྦྱིན་བདག་གི་སྒོ་སྲུང་བ་ཡིན། ཡིན་ནའང་། སྦྱིན་བདག་གིས་དགའ་པོ་བྱེད་ས་ནི་ཁྱོད་རེད། རྟག་པར་ཁྱོད་ལུས་དང་མ་བྲལ་བར་མཉམ་དུ་འཁྱེར་ནས་འགྲོ་གི་འདུག ང་ནི་དངོས་གནས་ཁྱོད་ལ་ཡིད་སྨོན་སྐྱེ་ཡི་འདུག”ཅེས་སྨྲས།

ལྡེ་མིག་གིས་ཀྱང་མ་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན། “ཁྱོད་རང་ཉིན་ལྟར་ཁྱིམ་དུ་ལྷོད་ལྷོད་ངང་བསྡད་ནས་སྐྱིད་པོ་གང་འདྲ་མི་འདུག་གམ། ང་ཉིན་ལྟར་སྦྱིན་བདག་དང་འགྲོགས་ནས་ཉི་མས་འཚིགས་ཤིང་ཆར་པས་སྦངས་ནས། དཀའ་ལས་ཅི་འདྲའི་ཆེ་བ་ལ་ཨང་། ང་ནི་ཁྱེད་རང་ལ་དེ་བས་ཡིད་སྨོན་སྐྱེ་གི་འདུག”ཅེས་ལན་བཏབ།

ཐེངས་ཤིག ལྡེ་མིག་ཀྱང་སྒོ་ལྕགས་དང་འདྲ་བར་ལྷོད་ཤིག་ཤིག་གི་འཚོ་བ་ཞིག་སྐྱེལ་འདོད་ཅིང་། སྦྱིན་བདག་ལས་ཀར་ཐོན་ཁར་ལྡེ་མིག་གིས་ཡིབ་ནས་བསྡད། ཕྱིའི་ལས་ཀ་ཚར་རྗེས་སྦྱིན་བདག་རང་ཁྱིམ་གྱི་སྒོ་འགྲམ་དུ་ལོག་སླེབས་ནས། ལུས་ཐོག་གི་ཁུག་མ་ཚང་མར་བཙལ་རུང་ལྡེ་མིག་མ་རྙེད། མཐར་ཐབས་ཤེས་ཟད་ནས་སྒོ་ལྕགས་བཅག་སྟེ་གད་སྙིགས་ཁྲོད་དུ་དབྱུགས། ཁྱིམ་དུ་འཛུལ་རྗེས་ནང་ནས་ལྡེ་མིག་རྙེད་ཀྱང་། སྦྱིན་བདག་གིས་ཁོང་ཁྲོ་དང་བཅས་ཏེ། “སྒོ་ལྕགས་ནི་བཅག་ནས་ཕན་མེད་ཆགས་ཟིན། ད་ལྡེ་མིག་ཁྱོད་ཉར་ནས་དགོས་པ་གང་ཡང་མེད”ཅེས་ཟེར་བཞིན་ལྡེ་མིག་ཀྱང་གད་སྙིགས་ཀྱི་དཀྱིལ་དུ་གཡུགས།

གད་སྙིགས་ཕུང་གསོག་གི་དཀྱིལ་དུ་མ་བོས་མཉམ་དུ་འཛོམས་པའི་སྒོ་ལྕགས་དང་ལྡེ་མིག་གཉིས་དབུགས་རིང་འབྱིན་བཞིན། “དེ་རིང་ང་གཉིས་ཡིད་སྐྱོ་དགོས་པའི་གནས་བབ་འདི་ལྟ་བུར་ལྷུངས་དོན་ནི། ང་གཉིས་ཀྱིས་རོགས་ཟླ་ལ་རིན་ཐང་ཇི་ཡོད་དང་། རོགས་ཟླས་བློས་གཏོང་གང་བྱས་མིན་མ་ཤེས་པར། ཁེ་ཕན་ཆུང་ཙག་ལ་རྩོད་པ་དང་། ང་རྒྱལ་ཆེན་པོས་ཕན་ཚུན་ཕྲག་དོག་དང་དོགས་པ་བྱས་པའི་རྐྱེན་གྱིས་རེད”སྙམ་མོ། །

ཉི་མ་ཆོས་གྲུབ་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明