http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་ཐོག་གི་བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཐམས་ཅད་བརྩོན
http://zw.xzqnb.cn/m/content/2026-02/06/001632.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གྲོགས་པོ་བཟང་ངན།

༄༅། །བརྩོན་འགྲུས།

༄༅། །དམའ་འབྲིང་གི་འཚོ་བ།

༄༅། །མཉམ་ལས།

等待处理…

༄༅། །བརྩོན་འགྲུས།

作者 ཨོ་ཡོ་ལྷ་མོ།
2026年02月06日

འཇིག་རྟེན་ཐོག་གི་བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཐམས་ཅད་བརྩོན་འགྲུས་ཡོད་མེད་ལ་རག་ལས་པ་ཡིན་ཏེ། བརྩོན་འགྲུས་ནི་ཅང་ཤེས་ཀྱི་རྟ་ཕོ་ཞིག་དང་འདྲ་བར་ཤེས་བྱའི་རྩྭ་ཐང་གི་རྒྱ་ཁྱོན་འཇལ་ཐུབ། བརྩོན་འགྲུས་ནི་སྣང་གསལ་གྱི་སྒྲོན་མེ་ཞིག་དང་འདྲ་བར་མ་རིག་སྨག་རུམ་གྱི་མུན་པ་སེལ་ཐུབ། སྔོན་བྱོན་མཁས་པའི་གསུང་ལས། བརྩོན་པ་དག་དང་བྲལ་གྱུར་ན། །དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། །བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །རང་གི་ལག་ན་གནས་དང་མཚུངས། །ཞེས་གསུངས་པའི་བཀའ་མོལ་དེ་དག་ཅི་འདྲའི་བདེན་པ་མ་ཡིན་ནམ།

དེ་ཡང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་ལ་སྦྱར་བ་ཡིན་ན། དཔེར་ན་ང་ཚོའི་ལོ་རྒྱུས་ཐོག་བྱུང་བའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་དཀའ་སྤྱད་སྙིང་རུས་དང་འགྱུར་མེད་ཀྱི་དམ་བཅའ་ལ་བརྟེན་ནས་ལྷ་མོའི་ཟློས་གར་གསར་གཏོད་གནང་ནས་གང་སར་འཁྲབ་སྟོན་གྱིས་མ་དངུལ་གསོག་འཇོག་གནང་སྟེ་བོད་ཀྱི་ལོ་རྒྱུས་ཐོག་ལྕགས་ཟམ་གསར་བསྐྲུན་གནང་། མཁས་དབང་དོན་གྲུབ་རྒྱལ་གྱིས་གཞོན་ནུའི་དུས་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་གནང་ནས་སྦྱང་བྱ་རིག་གནས་སྤྱི་དང་ཁྱད་པར་བོད་ཀྱི་རིག་གནས་ལ་སྦྱངས་པ་མཐར་ཕྱིན་པ་བྱས་ཏེ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་རང་མོས་སྙན་རྩོམ་དེ་ཐོག་མར་གསར་གཏོད་གནང་ཞིང་། གསུང་རྩོམ་པོད་དྲུག་ང་ཚོ་རྗེས་རབས་པ་རྣམས་ལ་བཞག་མཛད་པ་དེ་ཡང་མཁས་དབང་ཁོང་གི་ཁྲག་དང་རྔུལ་ཆུའི་བརྩོན་འགྲུས་ལས་བྱུང་བ་ཤེས་ཐུབ། གཞན་ཡང་སྔོན་བྱོན་གྱི་མེས་པོ་ཐོན་མི་སམ་བྷོ་ཊ་ཡིས་དཀའ་སྤྱད་སྡུག་རུས་ཀྱིས་བོད་ལ་སྔར་མེད་བོད་ཡིག་འདི་གསར་གཏོད་གནང་བས། དུས་དེ་ནས་བཟུང་མི་རིགས་ཤིག་ལ་ཡི་གེ་མེད་པའི་ལོ་རྒྱུས་དེ་མཇུག་འགྲིལ་བ་མ་ཟད། བཅུ་ཕྲག་རིག་གནས་ཀྱི་ཉི་མ་དེ་བོད་ཀྱི་ས་གཞི་ཆེན་མོའི་སྟེང་དུ་འཕྲོས་པས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་བོད་ཀྱི་མཚན་སྙན་གང་སར་ཁྱབ་ཐུབ་པ་དེ་ཡང་བརྩོན་འགྲུས་ལ་བརྟེན་ནས་བྱུང་བ་ཡིན།

མདོར་ན། འཇིག་རྟེན་ཐོག་གི་ཞིང་ལས་དང་། འབྲོག་ལས། ཚོང་ལས། སློབ་སྦྱོང་། ཚན་རིག་གི་གྲུབ་འབྲས་སོགས་ལས་དོན་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་ཐམས་ཅད་བརྩོན་འགྲུས་ཡོད་མེད་ཀྱི་རྗེས་སུ་འགྲོ་བ་ཡིན། ང་ཚོ་དང་མཁས་པའི་དབར་གྱི་ཁྱད་པར་གནམ་ས་ལྟར་གྱུར་བ་དེ་ཐོག་མ་ནས་ལྷན་སྐྱེས་མ་ཡིན་པར་བརྩོན་འགྲུས་བྱས་ཡོད་མེད་ཀྱི་རྐྱེན་གྱིས་ཡིན། ཇི་སྐད་དུ། དང་པོ་ང་དང་ཁྱེད་གཉིས་མཉམ་པ་ལ། །ཁྱོད་ནི་བརྩོན་འགྲུས་དབང་གིས་རྫོགས་སངས་རྒྱས། །ང་ནི་ལེ་ལོའི་དབང་གིས་འཁོར་བར་ལུས། །ཞེས་གསུངས་པའི་གནས་ལུགས་དང་འདྲ་བ་ཡིན། མཁས་དབང་དོན་གྲུབ་རྒྱལ་གྱིས། གཞོན་ཚེ་བརྩོན་འགྲུས་ས་བོན་མ་བཏབ་ན། །རྒས་ཚེ་མཁས་པའི་འབྲས་བུ་སྨིན་མི་སྲིད། །ད་ལྟ་སྦྱངས་སྟོབས་སོ་ནམ་མ་བྱས་ན། །འབྱུང་འགྱུར་རྨོངས་པའི་བུ་ལོན་འཇལ་དགོས་ཡོད། །ཅེས་གསུངས་པ་བཞིན་ང་ཚོ་སློབ་མ་རྣམས་ཀྱིས་ལེ་ལོའི་དགྲ་བོ་མཐར་བསྐྲད་དེ་བརྩོན་འགྲུས་ཀྱི་གྲོགས་པོ་མདུན་དུ་བསུས་ན། སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་ངེས་ཡིན་པ་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༢)

ཟུར་ཁྲིད་དགེ་རྒན། དཀོན་མཆོག་ཆོས་སྒྲོན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博