西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གྲོགས་པོ་བཟང་ངན། ༄༅། །བརྩོན་འགྲུས། ༄༅། །དམའ་འབྲིང་གི་འཚོ་བ། ༄༅། །མཉམ་ལས།

放大 缩小 默认

༄༅། །གྲོགས་པོ་བཟང་ངན།

□ 作者 དོན་གྲུབ་ཚེ་རིང་།

གནའ་སྔ་མོའི་དུས་མི་རྣམས་ཀྱིས"གྲོགས་ངན་དུག་གི་སྡོང་པོ་འདྲ། །གྲོགས་བཟང་སྨན་གྱི་ལྫོན་ཤིང་འདྲ"ཞེས་བཤད་སྲོལ་ཡོད། གཏམ་དཔེ་འདིས་ང་ཚོའི་མི་ཚེའི་ནང་དུ་གྲོགས་པོ་ཞིག་ཡོད་པ་གལ་ཡང་ཆེ། འོན་ཀྱང་གྲོགས་པོ་བཟང་བ་དང་ངན་པ་གང་ཡིན་ནི་ང་ཚོས་མིག་མི་འཁྲུལ་བར་གསལ་པོར་བལྟ་དགོས་པ་བསྟན་ནོ། །

གྲོགས་པོ་བཟང་པོ་ཞེས་པ་ནི་གྲོགས་པོ་དེར་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་ཞིང་ང་རྒྱལ་ཁེངས་དྲེགས་མེད་པར་སེམས་ཆུང་གིས་སློབ་སྦྱོང་བྱེད་པ། དགེ་རྒན་དང་ཕ་མ་ལ་སོགས་པ་མཐོང་སྐབས་གུས་ཚིག་ཤེས་ལ་ཀུན་སྤྱོད་ཡག་པ། སེམས་ནི་གངས་རི་ལྟར་དཀར་བས་སློབ་མ་གཞན་ལ་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་པ་སོགས་ལེགས་ཆ་མང་པོ་ཡོད། ངས་བསམ་ན། སློབ་སྦྱོང་ཡག་སྡུག་ནི་གྲོགས་པོ་བཟང་ངན་གྱི་དཔང་རྟགས་མ་རེད། གྲོགས་པོ་ལ་ལ་ནི་ཤིང་ཏོག་ཨ་མྲའི་འབྲས་བུ་ལྟར་སྤྱོད་པ་བཟང་ཡང་སློབ་སྦྱོང་ཡག་པོ་མེད་པས། སློབ་སྦྱོང་གི་ཡག་སྡུག་ནི་གྲོགས་པོ་བཟང་ངན་དང་འབྲེལ་བ་སྤུ་ཙམ་ཡང་མེད། གྲོགས་པོ་བཟང་པོ་ནི"ཡ་རབས་མ་རབས་སྤྱོད་པས་ཤེས"ཞེས་པ་ལྟར་མི་གཞན་ལ་རོགས་རམ་བྱེད་པར་དགའ་བའི་ཀུན་སྤྱོད་ཡག་པོ་ཞིག་ལྡན་དགོས། གྲོགས་པོ་ངན་པ་ནི་དུག་ལྟར་འདྲ་བ་དང་གཞན་ལ་མགོ་བསྐོར་བཏང་བར་ཤིན་ཏུ་དགའ། ཁོས་ཁྱོད་ལ"ཀྱེ། ཐ་མག་འཐེན་པར་འགྲོ། དགའ་རོགས་སྒྲིག་པར་འགྲོ། སློབ་སྦྱོང་མ་བྱེད། སློབ་སྦྱོང་ནི་སྙིང་པོ་མེད་པའི་བྱ་བ་རེད"ལྟ་བུ་ཁའི་ནང་དུ་སྐད་ཆ་བཙོག་པ་བགྲང་ལས་འདས་པ་ཡོད་པ་དེ་དག་བཤད་ཀྱི་རེད། གྲོགས་ངན་དེ་ནི་སྣོད་ཁ་སྦུབ་དང་། སྣོད་ཞབས་བརྡོལ། སྣོད་དྲི་མ་ཅན་ལྟར་མི་གཞན་ལ་གནོད་འཚེ་སྐྱེལ་བ་མ་ཟད། དགེ་རྒན་དང་ཕ་མར་གུས་ཞབས་སྤུ་ཙམ་མེད་པར་ང་རྒྱལ་དང་ཁེངས་དྲེགས་ཀྱིས་ཁེངས་པས་ཤིང་ཏོག་ཨ་མྲ་ཕྱི་མ་སྨིན་ནང་ཡང་མ་སྨིན་པ་དང་། ཕྱི་སྨིན་ནང་མ་སྨིན་པ་དང་འདྲའོ། །

ངའི་པཱ་ལགས་ལ་དེ་སྔོན་གྲོགས་པོ་བཞི་ཡོད། ཉིན་ཞིག་ངའི་སྤོ་བོ་ལགས་ཀྱི་ལུས་སྟེང་དུ་ཤ་རིལ་ཞིག་སྐྱེས་པར་སྨན་བཅོས་བྱེད་དགོས། དེ་དུས་ང་ཚོའི་ནང་ལ་དངུལ་མང་པོ་མེད་པས་པཱ་ལགས་ཀྱིས་གང་ས་གང་དུ་དངུལ་གཡར་བར་ཕྱིན་ཡང་ད་དུང་སྨན་བཅོས་ཀྱི་དངུལ་མི་འདང་བས། པཱ་ལགས་ཀྱིས་སོ་སོའི་གྲོགས་པོ་བཞི་ལ་དངུལ་གཡར་བར་ཕྱིན་སོང་། འོན་ཀྱང་གྲོགས་པོ་གསུམ་གྱིས་དངུལ་སྒོར་གཅིག་ཀྱང་གཡར་མེད། གྲོགས་པོ་གཞན་ཞིག་གིས་དངུལ་ཕྲན་བུ་གཡར་འདུག སྣང་ཚུལ་དེ་ལས་ང་ཚོར་གྲོགས་པོ་བཟང་པོ་ནི་དཀའ་ངལ་ཡོད་དུས་རོགས་རམ་བྱེད་རེས་དང་། གྲོགས་པོ་ངན་པ་ནི་ཕྱི་ནས་ཡག་པོ་བྱེད་པའི་ཉམས་སྟོན་པ་ཙམ་ཡིན་པ་ཤེས་ཐུབ།

གྲོགས་པོ་བཟང་པོ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། གྲོགས་པོ་བཟང་པོ་དང་ངན་པ་དབྱེ་བ་འབྱེད་ཤེས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བས་ངེས་པར་དུ་རྣམ་དཔྱོད་ཀྱིས་གྲོགས་པོ་བཟང་ངན་བརྡར་ཤ་ལེགས་པར་དཔྱོད་དགོས་པའོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༩(༣)

ཟུར་ཁྲིད་དགེ་རྒན། བློ་བཟང་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明