http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ཡིད་རྟོན་གཱའི་ཞི
http://zw.xzqnb.cn/m/content/2025-12/12/001539.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རང་ལྗོངས་ཀྱིས་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོས་ཞིང་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་ཞུཌ་པ།

བོད་ལྗོངས་སྒར་རྫོང་གིས་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་མལ་ལ་འཚམ་པའི་སྤུས་ཚད་གཉིས་ཀ་འཕར་རྒྱུར་སྐུལ་འདེད་བཏང་བ།

ས་མཐོའི་ཁྱད་ལྡན་ཐོན་རྫས་གཏོད། བཟའ་བཅའ་གསར་པ་སྐྱེད་སྲིང་བྱས།

等待处理…

ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོས་ཞིང་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

2025年12月12日

ཉེ་ཆར། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ཡིད་རྟོན་གཱའི་ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོ་ཐོག་མ་སྣེ་གདོང་ཉིང་ལག་དངུལ་ཁང་དུ་བདེ་བླག་ངང་གཉེར་ཞིང་། བྱེད་ཐབས་དེས་དངུལ་རྩའི་ཞབས་ཞུར་བརྟེན་ནས་ཞིང་དུད་ལ་ཞིང་འཕྲུལ་ཉོ་བའི་དངུལ་འདང་ངེས་མེད་པའི་དཀའ་གནད་ལ་ཐད་ཀར་དམིགས་ཏེ། བརྩེ་སེམས་ཀྱིས་ཕྱུག་ཅིང་སྟབས་བདེ་ལ་མྱུར་བའི་དངུལ་རྩའི་ཞབས་ཞུ་གཞི་རིམ་མང་ཚོགས་ཀྱི་འགྲམ་དུ་ཁྱབ་པར་བྱས་ཡོད།

ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཉེར་བའི་ཡིད་རྟོན་གཱའི་ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོས“སྐྱེད་ཀ་དམའ་བ་དང་དངུལ་བུན་བབ་བསྟུན་སྤྲོད་པ་ཟུང་འབྲེལ”བྱེད་པ་བརྒྱུད། དངུལ་བསྡེབས་གཅིག་ལ་སྤྲད་ནས་ཞིང་འཕྲུལ་ཉོ་བའི་སྲོལ་རྒྱུན་གྱི་བྱེད་སྟངས་དེ་ཟླ་རེར་དངུལ་སྤྲོད་པར་བསྒྱུར་བས་ཡུལ་མི་སྤུན་ཟླ་ཚོས་མང་ཚོགས་དང་འབྲེལ་བའི་ལས་སྒོ་དེའི་ཕན་པ་དངོས་སུ་ཚོར་ཐུབ་པར་བྱུང་ཡོད། ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོ་དེ་མང་ཚོགས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་བྱེད་ཆེད། སྣེ་གདོང་ཉིང་ལག་དངུལ་ཁང་གིས་ཆེད་ལས་ཀྱི་ཚོང་ཞབས་དཔུང་ཁག་བཙུགས་ཏེ། ཞིང་ལས་འཕྲུལ་ཆས་འཚོང་སར་བསྐྱོད་ནས་འབྲེལ་ཡོད་ཀྱི་སྲིད་ཇུས་གསལ་འགྲེལ་དང་དོགས་གནད་དག་རེ་རེ་བཞིན་བསལ་བ་དང་། སྟབས་བདེ་ལ་མྱུར་བའི་རེ་ཞུའི་གོ་རིམ་དང་། དམངས་ཕན་གྱི་སྐྱེད་ཀའི་སྲིད་ཇུས། དངུལ་བུན་བབ་བསྟུན་སྤྲོད་པའི་ཇུས་གཞི་བཅས་གསལ་འགྲེལ་ཞིབ་ཚགས་བྱས་ཡོད་པ་རེད།

དངུལ་ཁང་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡིད་རྟོན་གཱའི་ཞིང་ཕན་ཆེད་དམིགས་ཚོང་དུད་ཀྱི་ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོའི་ཆེད་དམིགས་དུས་བགོས་གྲངས་བཅད་དེ་ཞིང་ནགས་ཕྱུགས་ཉའི་ཞབས་ཞུའི་ལས་སྒོ་སོགས་ཐོན་སྐྱེད་གཉེར་སྐྱོང་ངམ་ཡང་ན་འཚོ་བའི་འཛད་སྤྱོད་ཐད་སྤྱད་ཆོག་པས་བཅད་གྲངས་མཐོ་ཤོས་ལ་སྒོར་ཁྲི་100དང་དུས་ཡུན་རིང་ཤོས་ཟླ་60ལ་བགོས་ནས་སྤྲོད་ཆོག་གི་ཡོད།

དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博