西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱིས་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ། ཞིང་འཕྲུལ་དངུལ་བུན་ཟླ་རེར་སྤྲོད་པའི་ལས་སྒོས་ཞིང་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་ཞུཌ་པ། བོད་ལྗོངས་སྒར་རྫོང་གིས་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་མལ་ལ་འཚམ་པའི་སྤུས་ཚད་གཉིས་ཀ་འཕར་རྒྱུར་སྐུལ་འདེད་བཏང་བ། ས་མཐོའི་ཁྱད་ལྡན་ཐོན་རྫས་གཏོད། བཟའ་བཅའ་གསར་པ་སྐྱེད་སྲིང་བྱས།

放大 缩小 默认

རང་ལྗོངས་ཀྱིས་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གཞུང་ལས་ཁང་གིས་གཙོ་གཉེར་དང་། ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྲིད་གཞུང་གིས་གཉེར་རོགས་བྱས་པའི“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ཞིང་འབྲོག་པའི་ཁྲིམས་སྐྱོང་གི་དགོས་མཁོར་དམིགས་ནས་དཔེ་དེབ་སྤྲོད་པའི་མཛད་སྒོ་དང་། ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར། ཁྲིམས་སྐྱོང་སྒྲོག་འགྲེལ། ས་གནས་ས་ཐོག་གི་བློ་འདྲི་སོགས་ཀྱི་ལྷུ་ཚིགས་བཙུགས་ཤིང་། འགོ་ཚུགས་མཛད་སྒོར། འབྲེལ་ཡོད་ཀྱི་འགན་འཁུར་བས་རྩ་ཁྲིམས་ཞིང་འབྲོག་ཁུལ་ལ་ཁྱབ་གདལ་གཏོང་བའི་དོན་སྙིང་ལ་འགྲེལ་བཤད་བརྒྱབ་ནས་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་། དཔེ་དེབ་སྤྲོད་པའི་མཛད་སྒོར་ཞིང་འབྲོག་པའི་འཐུས་མིར་རྒྱ་བོད་ཡིག་རིགས་གཉིས་ཀྱི་བཅའ་ཁྲིམས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་དཔྱད་གཞི་སྤྲད་ཡོད། ས་གནས་ས་ཐོག་ཏུ་ཤེས་བྱའི་འགྲན་བསྡུར་དང་། གྱོད་དཔེ་གསལ་འགྲེལ། ཁྲིམས་སྐྱོང་གི་གཏམ་རྒྱུད་མཉམ་སྤྱོད་སོགས་ཀྱི་ཐོག་ནས་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་། ལྷ་ས་གྲོང་ཁྱེར་དང་མལ་གྲོ་གུང་དཀར་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། གཞི་རིམ་གྱི་ལས་བྱེད་པ། ཁྲིམས་སྦྱོང་སྤྱོད་ཀྱི་དཔེ་མཚོན་དུད་ཚང་གི་འཐུས་མི་དང་ཞིང་འབྲོག་མང་ཚོགས་300ལྷག་ཙམ་བཅས་བྱེད་སྒོར་ཞུགས་ཡོད།

པ་སངས་ཚེ་རིང་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明