http://zw.xzqnb.cn/Content/weixinlogo.png
བརྩེ་བའི་སྤོ་བོ་ལགས། བདག་གི་མག་མོག་དྲན་ཤེས་ཀྱི་རྒྱ་མཚོའི་ཟུར་
http://zw.xzqnb.cn/m/content/2025-10/31/001466.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བག་ཆགས་ཟབ་པའི་དུས་ཚོད་ཅིག

༄༅། །དྲན་ཤེས་ཀྱི་ཟུར་གཅིག

༄༅། །ངའི་ཨ་མ་ལགས།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་སློབ་གསོའི་གྲུབ་འབྲས་སྙ

等待处理…

༄༅། །དྲན་ཤེས་ཀྱི་ཟུར་གཅིག

作者 ལྷ་མཚོ།
2025年10月31日

བརྩེ་བའི་སྤོ་བོ་ལགས། བདག་གི་མག་མོག་དྲན་ཤེས་ཀྱི་རྒྱ་མཚོའི་ཟུར་ངོས་ལ་ནམ་ཡང་གསལ་ལེར་གནས་པ་ནི་ཁྱེད་ཀྱི་ཞལ་རས་ཡིན། ཁྱེད་རང་མི་ཡུལ་ལས་ཕེབས་ནས་ལོ་ངོ་མང་པོ་ཞིག་འདས་སོང་ཡང་། ཁྱེད་ཀྱི་ཞལ་རས་ཀྱི་ཉམས་མདངས་ནི་ངའི་བློ་ངོར་ད་དུང་ཡང་ཟུབ་མེད་དུ་ངེས། དུས་ཀྱི་བཙན་པོས་ཁྱེད་ཀྱི་སྒྱུ་མའི་སྐུ་ལུས་རང་དབང་མེད་པར་འཕྲོག་སོང་བས་ཁྱེད་རང་ཕར་ཕྱོགས་ཀྱི་ཡུལ་ན་བདེ་མོར་ཡིན་མིན་ཆ་མི་འཚལ། ད་ལྟ་འདས་ཟིན་པའི་ལོ་ཟླར་དྲན་གསོའི་ཕྱིར་མིག་བྱེད་སྐབས། བསམ་མེད་ཀྱི་བུ་མོ་ངས་གཞི་ནས་ཁྱེད་དང་མཉམ་དུ་ཞིང་འབྲོག་ཁུལ་དུ་གཤིབ་པའི་དུས་ཡུན་ནི་ཆེས་དགའ་སྤྲོ་འཕེལ་བ་དང་ཆེས་རིན་ཐང་ལྡན་པ་ཞིག་རེད།

སྤོ་བོ་ལགས། ང་རང་ཁྱེད་ཧ་ཅང་དྲན། མི་ཡུལ་གྱི་འཇིག་རྟེན་ཡངས་མོར་བུ་མོ་ང་ནི་ཁེར་རྐྱང་དུ་ལུས་པས། དགའ་སྐྱོ་ཡི་དྲང་གཏམ་སུ་ལ་ཤོད། བདེ་སྡུག་གི་མྱོང་བ་སུ་ལ་དྲངས། བདག་གི་བརྩེ་བའི་སྤོ་བོ་ལགས། ཁྱེད་དྲན་པའི་གདུང་བས་རྟག་ཏུ་བདག་གི་སྙིང་ཆུང་ནི་སྡུག་བསྔལ་གྱི་གྲང་རླུང་ཆེན་པོས་དུམ་བུར་བཏང་བས། ངའི་སེམས་པ་འདི་ཉིད་ལྷོད་ལ་བབས་པའི་གོ་སྐབས་ཤིག་ད་ལྟའི་བར་དུ་མ་རྙེད།

ནམ་རྒྱུན་རྒན་ལགས་ཀྱིས་གནའ་བོའི་ལོ་རྒྱུས་གསུང་བའི་སྐབས་སུ་ངས་རང་དབང་མེད་པར་ཁྱེད་རང་དྲན་འོང་། ངའི་སྣང་ངོར་ཁྱེད་རང་ད་དུང་ཁྱིམ་དུ་བཞུགས་ཡོད་སྙམ་ནས་སེམས་སུ་ང་རང་ནང་ལ་ལོག་རྗེས་དེའི་སྐོར་ཁྱེད་ལ་བཀའ་འདྲི་ཞུ་བར་བསམ་ཡང་། དུས་ཡུན་གང་ཙམ་སོང་རྗེས་ཁྱེད་རང་ནམ་ཡང་ང་དང་ཁ་བྲལ་བ་ཚོར་ནས་དྲན་གདུང་གི་མིག་ཆུས་ངོ་གདོང་ཡང་ཡང་འཚོས། ཁྱེད་ཀྱི་བྱམས་བརྩེའི་འཛུམ་མདངས་ཀྱིས། ང་ལ་གནང་བའི་དྲོད་ཚད་ནི་དུས་ཀྱི་མཚོ་རླབས་ཆེན་མོས་ཀྱང་བསུབ་མི་ཐུབ་པར་བདག་གི་ཡིད་ལ་རྡོ་བརྐོས་རི་མོ་ཇི་བཞིན་ནམ་ཡང་ཉམས་མེད་དུ་གནས།

སྤོ་བོ་ལགས་ཁྱེད་ཀྱིས་གཟིགས་བྱུང་ངམ། དཔྱིད་ཀྱི་བུ་མོས་མཛེས་ལྡན་སྔོ་ལྗང་གི་གོས་བཟང་གྱོན་ནས་ས་གཞི་ཆེན་མོར་རྫོགས་མེད་ཀྱི་གསོན་ཤུགས་སྦྱིན་སོང་ལ། ཁུ་བྱུག་ལྷོ་ནས་འཕུར་ཏེ་སྙན་འཇེབས་གླུ་དབྱངས་མི་ཡུལ་གྱི་དྲན་པར་བཞག ས་སྲོད་ཉི་མ་གཞོན་ནུ་ནུབ་རིར་བཞུད་པའི་དུས་སུ། འདབ་ཆགས་རྣམས་ནི་ཁྱུ་དང་ཁྱུ་བྱས་ནས་རང་ཁྱིམ་དུ་ལོག ཡོད་ཚད་ཀྱི་ཡོད་ཚད། དྲན་པའི་གཏིང་རིམ་ན་ཟུག་པའི་ནད་གཞི་ཞིག་ལ་གྱུར་བས། བརྩེ་བའི་སྤོ་བོ་ལགས། ད་ལྟ་ང་ཁྱེད་རང་སེམས་གཏིང་ནས་ཧ་ཅང་དྲན་གྱི་འདུག །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博