http://zw.xzqnb.cn/Content/weixinlogo.png
ཟླ་9ཚེས་6ཉིན། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། ནག་
http://zw.xzqnb.cn/m/content/2025-09/19/001396.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་སྒྲིག་འཛུགས་ཐོག་སློབ་གྲྭའི་བཙན་བརྙས་སྔོན་འགོག་བྱེད་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་བསྐོར་ཁྱབ་སྤེལ་མནའ་འབྲེལ་མཉམ་འབྲེལ་ཚོགས་འདུ་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་ནག་ཆུར་འཚོགས་པ།

སྐྱིད་གྲོང་རྒྱལ་མཚམས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“གནའ་བོའི་མཐའ་མཚམས་ཀྱི་ལམ་དུ་བསྐྱར་དུ་བསྐྱོད་ནས་ཐོག་མའི་བསམ་འདུན་ལ་འབད་འཐབ་བྱེད་པའི་”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

等待处理…

བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་བསྐོར་ཁྱབ་སྤེལ་མནའ་འབྲེལ་མཉམ་འབྲེལ་ཚོགས་འདུ་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་ནག་ཆུར་འཚོགས་པ།

2025年09月19日

ཟླ་9ཚེས་6ཉིན། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ནག་ཆུ་དང་ཆབ་མདོ། མངའ་རིས་བཅས་ས་གནས་གསུམ་གྱི་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་མཉམ་འབྲེལ་ཚོགས་འདུ་དང་རིག་གནས་ཡུལ་བསྐོར་ངོ་སྤྲོད་ཚོགས་འདུ་ནག་ཆུ་གྲོང་ཁྱེར་དུ་འཚོགས་པ་རེད།

བྱེད་སྒོའི་ཐོག་ཆབ་མདོ་དང་ནག་ཆུ། མངའ་རིས་བཅས་ས་ཆ་གསུམ་གྱིས་སྔ་རྗེས་སུ་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པ་རེད། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲེ་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་བྱེད་སྒོའི་ཁྲོད་བོད་ཀྱི་ནུབ་བྱང་ས་ཁུལ་གྱི་ཡུལ་བསྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ། མདུན་ལམ་རྒྱ་ཆེན་པོ་ཡོད་པས་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཁོང་གིས་ས་གནས་གསུམ་གྱིས་ལག་གདང་སྦྲེལ་ནས་རིག་གནས་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ“བོད་ཀྱི་ནུབ་བྱང་གི་གཏམ་རྒྱུད”ཐུན་མོང་ཐོག་ཡག་པོ་བཤད་རྒྱུའི་རེ་བ་བྱས་པ་རེད།

མཉམ་འབྲེལ་ཚོགས་འདུའི་ཐོག་ནག་ཆུ་དང་། ཆབ་མདོ། མངའ་རིས་བཅས་ས་ཆ་གསུམ་གྱི་རིག་གནས་ཡུལ་སྐོར་ཅུས་ཀྱི་འཐུས་མིས་ཐུན་མོང་ཐོག་《བོད་ནུབ་བྱང་ས་ཁོངས་རིག་གནས་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་དེ། སྤྱི་པའི་སྤུས་རྟགས་གཟུགས་བརྙན་དང་ མཉམ་འབྲེལ་དྲིལ་བསྒྲགས་ཁྱབ་གདལ་ཁ་གསལ་བྱས་པ། སྤུས་ལེགས་ལམ་ཐིག་དང་ཐོན་རྫས་གསར་གཏོད་མཉམ་དུ་སྐུལ་འདེད་བཏང་བ། སྐུ་མགྲོན་ཁྲོམ་རའི་མ་ལག་ཐུན་མོང་ཐོག་འཛུགས་པ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་སྤེལ་རེས་སློབ་སྦྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཁ་གསལ་བཟོས་ཡོད།

ཡུལ་བསྐོར་ལས་དོན་ཁང་གི་འཐུས་མི་ལིའང་ཅི་ལིན་གྱིས“ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་ནས་ངས་ནག་ཆུ་དང་བོད་ནུབ་བྱང་གི་རིག་གནས་ཡུལ་བསྐོར་ཐོན་ཁུངས་ལ་རྒྱུས་ལོན་གཏིང་ཟབ་བྱུང་བས། ཕྱིར་ལོག་རྗེས་ང་ཚོས་ཀྱང་ལམ་ཐིག་གསར་པ་ཁག་གཅིག་ཞིབ་འཇུག་གསར་སྤེལ་བྱས་ནས་ཡུལ་སྐོར་བ་གྲོགས་པོ་དེ་བས་མང་བའི་ནག་ཆུ་དང་བོད་ནུབ་བྱང་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博