西藏青年报藏文版ཕྱོགས་བསྡུས། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་སྒྲིག་འཛུགས་ཐོག་སློབ་གྲྭའི་བཙན་བརྙས་སྔོན་འགོག་བྱེད་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། བོད་ནུབ་བྱང་ས་ཁོངས་ཀྱི་རིག་གནས་ཡུལ་བསྐོར་ཁྱབ་སྤེལ་མནའ་འབྲེལ་མཉམ་འབྲེལ་ཚོགས་འདུ་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ་ནག་ཆུར་འཚོགས་པ། སྐྱིད་གྲོང་རྒྱལ་མཚམས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“གནའ་བོའི་མཐའ་མཚམས་ཀྱི་ལམ་དུ་བསྐྱར་དུ་བསྐྱོད་ནས་ཐོག་མའི་བསམ་འདུན་ལ་འབད་འཐབ་བྱེད་པའི་”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

放大 缩小 默认

སྐྱིད་གྲོང་རྒྱལ་མཚམས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“གནའ་བོའི་མཐའ་མཚམས་ཀྱི་ལམ་དུ་བསྐྱར་དུ་བསྐྱོད་ནས་ཐོག་མའི་བསམ་འདུན་ལ་འབད་འཐབ་བྱེད་པའི་”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

ཟླ་9ཚེས་9ཉིན་སྐྱིད་གྲོང་རྒྱལ་མཚམས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“གནའ་བོའི་མཐའ་མཚམས་ཀྱི་ལམ་དུ་བསྐྱར་དུ་བསྐྱོད་ནས་ཐོག་མའི་བསམ་འདུན་ལ་འབད་འཐབ་བྱེད་པའི་”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། དེ་བཞིན་“འགྲོ་འོང་གི་སློབ་ཚན་”ཐོག་ནས་ལོ་རྒྱུས་ཀྱི་གནའ་ཤུལ་དང་གསར་རྗེའི་དྲན་ཤེས་དམ་པོར་སྦྲེལ་ནས་མི་དམངས་ཉེན་རྟོག་པས་ལོ་རྒྱུས་ཁྲོད་ཀྱི་འགན་འཁྲི་ཤེས་རྟོགས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་མེས་པོར་དྲན་གསོ་བྱས་ཏེ།“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་སྒྲིག་གཞི་འཛུགས་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་འབྲི་བའི” གཅིག་མཐུན་གྱི་འདུ་ཤེས་ཆེ་རུ་བཏང་ཡོད།

བྱེད་སྒོའི་ཁྲོད་ཉེན་རྟོག་པ་རྣམས་ཐང་རྒྱལ་རབས་ཆེན་པོའི་ཐེན་ཀྲུའུ་ཕོ་ཉ་ཀྲི་མིང་གི་སྒྲིག་གཤོམ་ཁང་དུ་བསྐྱོད་ནས་འགྲེམས་སྟོན་དངོས་རྫས་ལ་གཟིགས་ཞིབ་བྱས་པ་དང་། “གནའ་བོའི་ཐང་བོད་ཀྱི་ལམ”ཐོག་གི་ཀྲུང་ཡོན་རྒྱལ་རབས་དང་མཐའ་མཚམས་ས་ཁུལ་གྱི་རིག་གནས་མཉམ་འདྲེས་དང་ཚོང་དོན་འགྲོ་འོང་གི་གཏམ་རྒྱུད་ལ་བརྟེན་ནས་མེས་པོ་རྣམས་ཀྱིས་མཐའ་མཚམས་གསར་འབྱེད་དང་མངའ་ཁོངས་སྲུང་སྐྱོབ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་འགན་འཁྲི་ཤེས་རྟོགས་གཏིང་ཟབ་བྱས་ཏེ། སྐྱིད་གྲོང་གྲོང་རྡལ་གྱི“འདེགས་བསྡུ་བའི་བཀག་རྒྱ་”ཡི་གནའ་ཤུལ་དུ། ལོ་ངོ་སྟོང་གི་གནའ་བོའི་ལམ་དང་འོད་འཚེར་བའི་རྡོ་བརྐོས་རྗེས་ཤུལ་གྱི་ཡུལ་དངོས་སུ་ལངས་ནས། མེས་པོ་རྣམས་ཀྱིས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འདུ་ཤེས་དང་གོང་བུ་གཅིག་འགྲིལ་གྱི་སྟོབས་ཤུགས་ལ་མྱོང་ཚོར་དང་། ཆིང་དམག་གིས་བོད་སྲུང་གི་རྒྱལ་སྲུང་དྲན་གསོ་ཁང་ལ་ལྟ་སྐོར་བྱེད་དུས་དམག་དཔོན་ཚོའི་མཐའ་སྲུང་གི་ཉིན་ཐོ་ལས། བཙའ་ཆགས་པའི་མཚོན་ཆ་དང་ཛ་དྲག་ཆེ་བའི་འཐབ་འཛིང་གི་རྣམ་པ། མཐའ་སྲུང་སྒར་སའི་འཚོ་བའི་རྣམ་པ་བཅས་ལ་ཞིབ་ཕྲའི་ལྟ་སྐོར་བྱས་པས་མི་དམངས་ཉེན་རྟོག་པར་སེམས་འགུལ་ཆེན་པོ་ཐེབས་ཡོད།

ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་བརྒྱུད་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་གཅིག་མཐུན་ངང་བྱེད་སྒོའི་ནང་བསྡུ་ལེན་བྱས་པའི་བསམ་པའི་སྟོབས་ཤུགས་དེ་འགན་འཁྲི་བསྒྲུབ་པའི་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་རྒྱུ་ཡིན་པ་སྟེ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་དེ་བས་ཡག་པོའི་ཐོག་ནས་གནས་སྤོས་ཡུལ་མིའི་དོ་དམ་གྱི་ལས་དོན་བྱ་གཞག་ནང་ཞུགས་ནས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོབ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྐྱིད་གྲོང་འགག་སྒོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲུལ་བཞུད་གསར་པའི་ནང་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དོན་གཉེར་བྱེད་རྒྱུ་དང་། གོམ་སྟབས་རྗེས་མར་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་རྒྱུན་མཐུད་ངང་མཐའ་མཚམས་འགག་སྒོའི་ཐོན་ཁུངས་སྔོག་འདོན་གྱིས་རྣམ་པ་གསར་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་ནས། “བསྐྱོད་བཞིན་པའི་ཏང་གི་སློབ་ཚན་”དེ་དཔུང་ཁག་སྦྱོང་བརྡར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཏེ། “ལྷག་བསམ་ལྡན་པ་དང་། དྭངས་ཤིང་གཙང་བ། འགན་འཁུར་ཕོད་པ་”བཅས་ཀྱི་རྒྱལ་སྲུང་གི་དམག་དཔུང་གཅིག་རྡུང་བཟོ་བྱ་རྒྱུ་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明