http://zw.xzqnb.cn/Content/weixinlogo.png
འགྲོ་བ་མིའི་རིགས་རྣམས་འཚོ་གནས་བྱེད་པའི་གང་ཟག་ཀུན་ཆས་པའི་ལམ་བ
http://zw.xzqnb.cn/m/content/2025-09/12/001388.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བུ་མོ་གཡང་ཟླ་ཡི་མི་ཚེ།

༄༅། །ཀྱག་ཀྱོག་གི་མི་ཚེའི་ལམ་བུ།

༄༅། །བག་ཆགས་ཟབ་ཤོས་ཀྱི་བྱ་བ་ཞིག

ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

等待处理…

༄༅། །ཀྱག་ཀྱོག་གི་མི་ཚེའི་ལམ་བུ།

作者 བསོད་ནམས་བཀྲ་ཤིས།
2025年09月12日

འགྲོ་བ་མིའི་རིགས་རྣམས་འཚོ་གནས་བྱེད་པའི་གང་ཟག་ཀུན་ཆས་པའི་ལམ་བུ་ནི་གཅིག་མཚུངས་མིན་ཡང་། འགའ་ཤས་ཀྱག་ཀྱོག་གི་ལམ་བུ་དང་དཀའ་ཚེགས་ཆེ་བའི་ལམ་བུར་བསྐྱོད་ཅིང་། འགའ་ཤས་ནི་དྲང་ཐིག་བཞིན་འདྲོང་བའི་ལམ་བུར་ཆས་བཞིན་ཡོད། མི་ཚེའི་རྐང་ལམ་རིང་པོའི་བརྒྱུད་རིམ་ཁྲོད་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་འགག་ལམ་ཇི་སྙེད་གཅིག་འཕྲད་སྲིད་ཀྱང་དེ་ལྟ་བུའི་མཐའ་མེད་ཀྱི་རྐང་ལམ་ཕྲ་མོ་དེའི་ཐོག་ང་ཚོར་བླ་མེད་ཀྱི་སྙིང་སྟོབས་ཤིག་དང་། རྒྱུན་འཁྱོངས་ཀྱི་སེམས་ཤུགས་ཤིག་ཡོད་དགོས།

དེ་ཡང་དམངས་ཁྲོད་དུ་ཤོད་རྒྱུན་འདི་ལྟར་ཡོད་པ་སྟེ། ཤེས་བྱའི་རིགས་ལ་ལམ་བུ་ཡོད། མ་འོངས་ཀྱི་གཞོན་ནུ་ཚོ། ང་ཚོས་ཤེས་རིག་གི་གྲུ་གཟིངས་དང་འགྲོགས་ཏེ་ཤེས་རིག་གི་ནོར་བུའི་རྒྱ་མཚོར་རིན་བྲལ་གྱི་ནོར་བུ་ལེན་པར་ཆས་འགྲོ། ཤེས་བྱ་རིག་པའི་གླིང་དེར་པིར་སྨྱུག་གི་ཚོགས་དང་གཏན་དུ་འགྲོགས་ནས་རང་དགོས་ཤེས་བྱའི་གནས་ལ་འབད་པས་བརྩོན་དང་། རང་ལ་དགོས་པའི་ཤེས་རིག་དེ་ལེན་ཐུབ་ལ་རང་དང་འཚམ་པའི་མི་ཚེའི་མདུན་ལམ་ཞིག་ཀྱང་རྙེད་ཐུབ་ངེས་རེད།

ཁྱེད་ཚོ་རྨོངས་པའི་གཉིད་ལས་སད་དེ་བརྩོན་འགྲུས་དང་རེ་བས་ཁེངས་པའི་སྒྲོན་མེ་ཐོགས་ནས། རྙིང་ཞེན་དང་བག་ཁུམས་ཀྱིས་བཅིངས་པའི་རྨོངས་པའི་མུན་ཁུང་དུ་ལུས་པའི་སྐྱེ་བོ་ཚོར་ཤེས་རབ་ཀྱི་སྒྲོན་མེ་སྤར་བར་འགྲོ། ཀྱག་ཀྱོག་གི་མི་ཚེའི་བགྲོད་ལམ་དེར་ཡིད་སྤྲོ་བས་འཇུག་དང་ཕུགས་འདུན་མངོན་འགྱུར་གྱི་གོ་སྐབས་ཤིག་དང་འཕྲད་སྲིད་ལ་ཡང་སྐབས་རེ་ཡིད་སྐྱོ་བའི་དུས་ཤིག་ཀྱང་འཕྲད་སྲིད། འོན་ཀྱང་དཀའ་སྔུག་གི་ལོ་ཟླ་དེར་ཁྱད་བསད་བྱས་ན་མི་རིང་བར་ཕན་འབྲས་ཏན་ཏན་ཐོན་ངེས་ཡིན། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博