西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བུ་མོ་གཡང་ཟླ་ཡི་མི་ཚེ། ༄༅། །ཀྱག་ཀྱོག་གི་མི་ཚེའི་ལམ་བུ། ༄༅། །བག་ཆགས་ཟབ་ཤོས་ཀྱི་བྱ་བ་ཞིག ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

放大 缩小 默认

༄༅། །བག་ཆགས་ཟབ་ཤོས་ཀྱི་བྱ་བ་ཞིག

□ 作者 ཚེ་རིང་ལྷ་སྐྱིད།

ས་མཐོ་ཞིང་ཁ་རླུང་གཙང་བའི་ས་ཆ་དེ་ནི་ང་རང་གི་གནས་ས་ཡིན་ལ། དེ་ལྟ་བུའི་ས་ཆར་ང་རང་ཤིན་ཏུ་དགའ། ང་རང་དུས་རྒྱུན་འབུ་བརྐོ་སའི་ས་ཆར་སླེབས་པ་དང་སེམས་ཁམས་ཤིན་ཏུ་སྐྱིད་པའི་སྣང་བ་འཆར་ཞིང་། རི་མགོར་སྐྱེས་པའི་རྩྭ་ལྡུམ་རིགས་མང་པོ་རང་གི་ཅི་འདོད་ཀྱི་ཟས་སུ་བརྩི་ཆོག

སྐྱེས་སྐར་ནི་མི་རྣམས་ལ་དགའ་སྤྲོ་སྟེར་བའི་ཉིན་མོ་ཞིག་ཡིན་ལ། ང་ཚོ་འཚར་ལོངས་འབྱུང་བཞིན་པར་དྲན་སྐུལ་བྱེད་པའི་ཉིན་མོ་ཞིག་ཀྱང་རེད། སྐྱེས་སྐར་སྐབས་སུ་ཆེས་སྐྱིད་ཤོས་ནི་རང་གི་ཕ་མ་སྤུན་མཆེད་ལྷན་དུ་བག་ལེབ་ཁ་བཤགས་བྱས་ཏེ་ཟ་བའི་རྣམ་པ་དེ་རེད། ཡིན་ན་ཡང་ང་སེམས་ཕམས་དགོས་པའི་དོན་དག་ནི་ངའི་སྐྱེས་སྐར་འབུ་བརྐོ་བའི་དུས་སུ་ཁེལ་བ་དེ་ཡིན། ང་རང་སེམས་སྡུག་ཧ་ཅང་ཆེན་པོ་འདུག ང་དུས་ཚོད་ཏག་ཏག་ལ་སྐྱེས་སྐར་ཐེངས་གཅིག་ཀྱང་གཏོང་མྱོང་མེད། སྐབས་རེ་སྔ་སྣུར་གྱིས་གཏོང་བ་དང་། སྐབས་རེ་ཕྱི་སྣུར་བྱེད་དགོས་ཀྱི་ཡོད། དགའ་འོས་པ་ཞིག་ལ་ད་ལོའི་སྐྱེས་སྐར་གཏོང་ཚོད་དེ་སྔའང་མེད་ལ་ཕྱི་ཡང་མེད། ད་ལོ་སྐྱེས་སྐར་དུས་ཐོག་ལ་བཏང་ཐུབ་པས་ང་རང་དགའ་ཚོར་ཆེན་པོ་བྱུང་།

ཟླ་བ་དྲུག་པའི་ཚེས་བཅུ་བཞིའི་ཞོགས་པར། ཨ་མ་ལགས་ཀྱིས“སང་ཉིན་ཁྱོད་ཀྱི་སྐྱེས་སྐར་རེད། ད་ལོ་ཁྱོད་ཀྱི་སྐྱེས་སྐར་དུས་ཐོག་ལ་མ་གཏོང་རང་གཏོང་ཡིན”ཟེར། ང་དེ་ཙམ་ཡིད་ཆེས་མ་བྱུང་། དེའི་དགོང་མོར་ཨ་ཕས་ང་གཉིས་མཁོ་ཆས་ཉོ་བར་ཡུལ་ལ་འགྲོ་ཞེས་བཤད་བྱུང་བས་ངེད་གཉིས་ལྷན་དུ་སོང་། དགོང་མོ་རྫོང་ནས་སྐྱེས་སྐར་བག་ལེབ་མངགས་ཏེ་ཕྱི་ཉིན་ཉིན་གུང་ཡོལ་ཙམ་ལ་སྐྱེས་སྐར་བག་ལེབ་བླངས་ཏེ་འབུ་བརྐོ་སར་ལོག་པ་ཡིན། ཚེས་བཅོ་ལྔའི་དགོང་མོར་སྐྱེས་སྐར་དངོས་སུ་གཏོང་ཐུབ་པ་བྱུང་། དངོས་གནས་ངའི་བསམ་ཡུལ་ལས་འདས་སོང་། ཕ་མ་གཉིས་ཀྱིས་ཆེད་དུ་ང་ལ་སྐྱེས་སྐར་འདི་འདྲ་གཏོང་གི་རེད་བསམ་མ་བྱུང་། ད་དུང་ཨ་མས་ང་ལ་རུག་པའི(རྫ་རིར་སྐྱེས་པའི་སྔོ་ལྡུམ་ཞིག་གི་མིང་།)མོག་མོག་བཅས་འདུག་པས་ཤིན་ཏུ་དགའ་པོ་བྱུང་། དེ་ནི་ད་ལོའི་འབུ་རྐོ་རིང་གི་བག་ཆགས་ཟབ་ཤོས་ཀྱི་དོན་དག་ཅིག་ཡིན།

ང་ལ་མཚོན་ན་སྐྱེས་སྐར་ནི་ང་རང་མི་སྒེར་ཁོ་ནར་དབང་བའི་དུས་ཆེན་གལ་ཆེན་ཞིག་ཡིན་པས། བཀའ་དྲིན་ཆེ་བའི་ཕ་མ་རྣམ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁ་ཏ་བསླབ་བྱ་དང་གོམས་གཤིས་གསོ་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་གཉིས་ཀྱིས་ང་ལ་འདི་ལྟར་ཐུགས་ཁུར་གནང་བས་ངས་ཀྱང་ཁྱེད་གཉིས་ཀྱི་དྲིན་ལན་འཇལ་ཐུབ་པ་བྱེད་ངེས་རེད། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ་༨(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明