http://zw.xzqnb.cn/Content/weixinlogo.png
ཞོགས་པ་སྔ་པོ་ཡར་ལངས་ནས་འབུ་བརྐོ་སའི་ཁོར་ཡུག་གཅིག་བལྟས་པ་ཡིན།
http://zw.xzqnb.cn/m/content/2025-09/05/001378.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སེ་འབྲུ་བཞིན་དུ་རྡོག་རྩ་གཅིག་ཏུ་སྒྲིལ།

༄༅། །ཉེ་ཆར་སློབ་གྲྭའི་ནང་དུ་བྱེད་སྒོ་མང་པོ་འདུག

༄༅། །ངས་ཡིག་ཚད་གང་འདྲ་བཏང་ཡོད་སྲིད་དམ།

等待处理…

༄༅། །ངས་ཡིག་ཚད་གང་འདྲ་བཏང་ཡོད་སྲིད་དམ།

作者 ཨ་ཆེ་བསམ་མེད།
2025年09月05日

ཞོགས་པ་སྔ་པོ་ཡར་ལངས་ནས་འབུ་བརྐོ་སའི་ཁོར་ཡུག་གཅིག་བལྟས་པ་ཡིན། དེ་དུས་སྤང་ཁ་ལྗང་ཁུ་དང་མེ་ཏོག་འདྲ་མིན་སྣ་ཚོགས་དང་ས་ལ་འགྲོ་བ་དང་གནམ་ལ་འཕུར་རྒྱུའི་འབུ་སྲིན་ཧ་ཅང་མང་པོ་འདུག དེ་དུས་ངའི་སེམས་ནང་གཞི་ནས་འབུ་ས་ཁ་ལས་དཔྱིད་ཀ་ཤར་བའི་བྲོ་བ་ཞིག་རྙེད་བྱུང་། ས་ཁ་མཐོ་བས་དུས་རྒྱུན་གྲང་ངར་ཤིན་ཏུ་ཆེ། སྐྱོ་དགོས་པ་ཞིག་ལ་ཟླ་བ་དྲུག་པའི་ཚེས་ཉི་ཤུའི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་ང་ཚོ་སློབ་གྲྭར་འབྱོར་བ་བྱེད་དགོས་པས། འབྲོག་སའི་དྭངས་གཙང་ལྷད་མེད་ཀྱི་ཁོར་ཡུག་འདིར་ཉམས་སུ་མྱོང་ཁོམ་གཏན་ནས་མེད།

དེ་ཉིན་ང་རང་ཞོགས་པ་སྔ་ཙམ་ནས་མི་གཞན་དང་མི་འདྲ་བར་རི་མགོ་ལས་བབས་ཏེ་འབུ་མཚམས་བཞག་པ་ཡིན། ནང་ལ་ལོག་སྐབས་འབུ་གསུམ་ཙམ་ལས་རྙེད་མ་བྱུང་། དེ་ནས་གཙང་སྦྲ་བྱས་ཏེ་གྱོན་གོས་རྣམས་བརྗེས་ཚར་རྗེས་འབྲི་རུ་རྫོང་ལ་ཕྱིན་པ་ཡིན། ལམ་བར་དུ་ཡིད་ཅུང་ཟད་སྐྱོ་བྱུང་སྟེ། ང་ཚོའི་འབུ་བརྐོ་སར་ད་སོ་མ་དྲོད་ཅུང་ཟད་སླེབས་ནས་དཔྱིད་ཚུགས་ཏེ་དབྱར་ཁ་འཆར་ལ་ཉེ་སྐབས། ང་ཚོ་འདི་ལྟར་འབྲལ་དགོས་པས་ཡིན། ད་དུང་མི་རིང་བར་ཡིག་ཚད་རན་པས་སྐྲག་སྣང་སྐྱེས་ཏེ་སེམས་པ་ལྷོད་དུ་འབེབ་ཁག་པོ་གྱུར།

དེ་ནས་སློབ་གྲྭར་སླེབས་རྗེས་འཛིན་བདག་གིས་ཚོགས་འདུ་འཚོགས་པ་དང་། ང་ཚོར་“ཁྱོད་ཚོར་ས་ཁམས་དང་སྐྱེ་དངོས་བསྐྱར་སྦྱོང་བྱེད་པའི་དུས་ཚོད་ཉིན་བཅུ་ལས་མེད། ད་བརྐོ་རྒྱུའི་འབུ་དེ་བརྐོས་ཟིན་པས་སེམས་ལྷོད་ལ་ཕབ་སྟེ་ཡིག་རྒྱུགས་ཐུག་ཉེ་བའི་རིག་ཚན་འདི་གཉིས་ལ་བརྩོན་པ་གྱིས་ཤོག”ཟེར།

ཉིན་བཅའ་བཅུ་དེའི་རིང་ང་ཚོའི་ས་ཁམས་དགེ་རྒན་བཀྲ་ཤིས་དབྱངས་དཔལ་གྱིས་ང་ཚོ་ལ་ནམ་ཡང་བརྗེད་དཀའ་ཞིང་སེམས་འགུལ་ཐེབས་དགོས་པའི་བསྐྱར་སྦྱོང་གི་བརྒྱུད་རིམ་ཞིག་ཁྲིད་བྱུང་། དགེ་རྒན་ཁོང་གིས་ཁྲིད་སའི་འཛིན་གྲྭ་བཞི་ཡོད་ཅིང་། ཉིན་བཅུ་ལྷག་ནང་ས་ཁམས་དགེ་རྒན་གྱིས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འཛིན་གྲྭ་སོ་སོར་རེས་མོས་ཀྱིས་བསྐྱོད་དེ་དུས་ཚོད་ཕྲན་བུ་ཙམ་ཡང་ལྷོད་གཡེང་གཏོང་མྱོང་མེད། ཉིན་ཞིག་ཁོང་སྐད་འགག་འདུག་མོད། མུ་མཐུད་བཟོད་བསྲན་བྱས་ནས་ང་ཚོར་སློབ་ཚན་ཁྲིད་བྱུང་བས། དགེ་རྒན་གྱིས་སྡུག་རུས་དེ་འདྲ་བྱེད་དུས་ང་ཚོ་ཡང་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་ཡིན།

ཡིག་ཚད་ཐུག་ལ་ཉེ་སྐབས་ང་རང་ཅུང་ཟད་སྐྲག་བྱུང་། ཡིག་ཚད་སྐབས་སུ་ཇི་ལྟར་བྱེད་དགོས་སྙམ། ཡིག་ཚད་ཆེད་དུ་ང་རང་དངངས་སྐྲག་དེ་འདྲ་བྱས་པ་ཉུང་ཉུང་ཡིན་མོད། ཡིག་ཚད་དངོས་སུ་ཐུག་སྐབས་དེ་ཙམ་ཞེད་པའི་ཚོར་སྣང་མི་འདུག ཡིག་ཚད་བཏང་ཚར་ནས་རྒྱུགས་ར་ལས་ཐོན་པ་དང་། སློབ་མ་མང་པོས་ཕན་ཚུན་ཡིག་ཚད་ཀྱི་སྐོར་ནས་གཏམ་གླེང་བྱེད་བཞིན་འདུག ངས་རྣ་བ་འགེབ་བཞིན་ཐད་ཀར་ང་ཚོའི་འཛིན་གྲྭའི་ཕྱོགས་ལ་རྒྱུག་ཕྱིན་པ་ཡིན། དེ་དུས་ངས་ཡིག་ཚད་ཐད་ནས་དེ་ཙམ་འདྲི་རྩད་བྱེད་མི་འདོད་མོད། ད་ལྟ་མཚོན་ན་སེམས་ཁྲལ་ཅུང་ཟད་འདུག ངས་ཡང་སྙིང་ཡིག་ཚད་གང་འདྲ་བཏང་ཡོད་སྲིད་དམ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博