http://zw.xzqnb.cn/Content/weixinlogo.png
ཞོགས་ཚོགས་འཚོགས་ཚར་རྗེས་ང་ཚོའི་སློབ་མ་ཚང་མ་གྲལ་འགྲིག་པོའི་ངང
http://zw.xzqnb.cn/m/content/2025-09/05/001377.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སེ་འབྲུ་བཞིན་དུ་རྡོག་རྩ་གཅིག་ཏུ་སྒྲིལ།

༄༅། །ཉེ་ཆར་སློབ་གྲྭའི་ནང་དུ་བྱེད་སྒོ་མང་པོ་འདུག

༄༅། །ངས་ཡིག་ཚད་གང་འདྲ་བཏང་ཡོད་སྲིད་དམ།

等待处理…

༄༅། །ཉེ་ཆར་སློབ་གྲྭའི་ནང་དུ་བྱེད་སྒོ་མང་པོ་འདུག

作者 ཚེ་རིང་དབྱངས་སྐྱིད།
2025年09月05日

ཞོགས་ཚོགས་འཚོགས་ཚར་རྗེས་ང་ཚོའི་སློབ་མ་ཚང་མ་གྲལ་འགྲིག་པོའི་ངང་ནས་ལུས་རྩལ་ར་བའི་ནང་དུ་ཕྱིན། སྐར་མ་སུམ་ཅུ་ལྷག་སོང་བ་ན། “གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་བསྐྱོད”ཀྱི་འབོད་སྒྲ་སྙན་མོ་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་ཡོངས་སུ་ཁྱབ། དེ་ནི་སྲིད་གཞུང་གིས་གཞི་རིམ་ལ་བཏོན་པའི་འབོད་སྐུལ་ཙམ་དུ་མ་ཟད། མི་གྲངས་མང་པོའི་སེམས་ནས་མཛེས་སྡུག་ལྡན་པའི་འཚོ་བ་ལ་ཕུལ་བའི་བསྟོད་དབྱངས་ཀྱང་ཡིན།

ང་ཚོའི་སློབ་གྲྭས“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་བསྐྱོད”ཀྱི་བརྗོད་དོན་གཙོ་བོ་བྱས་པའི་བྱེད་སྒོ་ཞིག་ཞིབ་ཚགས་ཀྱིས་ཇུས་འགོད་བྱས་པ་དང་འབྲེལ། ཞབས་བྲོ་འཁྲབ་པ་དང་། སྙན་ངག་གྱེར་འདོན། མཉམ་གཞས། རི་མོ་འབྲི་རྒྱུ་སོགས་རྣམ་གྲངས་སྣ་ཚོགས་ཀྱི་ལམ་ནས་གྲོང་གསེབ་དར་རྒྱས་ལ་བཅངས་པའི་དགའ་ཞེན་དང་ཡིད་སྨོན་མཚོན་པར་བྱས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁྲོད་དུ་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་འབུལ་བའི་བསམ་འདུན་མཚོན་པར་བྱས་ཡོད།

ཐོག་མར་སྙན་ངག་གྱེར་འདོན་པ་རྣམས་ཀྱིས་རང་གི་ཡིད་ཆེས་ལྡན་པའི་གོམ་སྟབས་སྤོ་བཞིན་གར་སྟེགས་ཀྱི་ཐོག་ཏུ་བསྐྱོད་པ་དང་། ཁོང་ཚོས་རང་གི་ངར་ཤུགས་ཆེ་བའམ་ཡང་ན་བརྩེ་དུང་ཟབ་མོ་ལྡན་པའི་འགྱུར་ཁུག་ལ་བརྟེན་ནས་གྲོང་གསེབ་ཀྱི་གཏམ་རྒྱུད་ངག་ལ་གྱེར་བཞིན་འདུག ཁོང་ཚོའི་རྣ་དབང་འཕྲོག་པའི་སྐད་ངག་གི་ཁོང་གསེང་ནས་གྲོང་གསེབ་ཀྱི་འདས་ཟིན་པའི་མཚར་སྡུག་གི་ལོ་ཟླ་དང་ཡིད་ཆེས་ཀྱིས་ཁེངས་པའི་མ་འོངས་ཀྱི་རེ་བ་ཡོངས་སུ་བཀུག

མཉམ་ལེན་མཁན་རྣམས་ཀྱི་གཟེངས་མཐོ་བའི་མགྲིན་དབྱངས་དང་། རྣ་བར་འཇེབས་པའི་དབྱངས་རྟའི་རམ་འདེགས། སྒྲོས་དག་པའི་ལུས་ཀྱི་སྟངས་སྟབས་བཅས་ཀྱིས་གར་སྟེགས་ཀྱང་ཉམས་དགའ་བར་བྱས་པ་དང་། བརྩེ་དུང་ཟབ་པའི་གླུ་ཡི་མཆོད་པ་དེ་ནི་དངོས་གནས་རྣ་བའི་བདུད་རྩི་རང་རེད།

ཕྱི་དྲོ་ཁ་ལག་ཟོས་རྗེས་ཞབས་བྲོ་འཁྲབ་རྒྱུའི་འགྲན་བསྡུར་རེད། གར་སྟེགས་ནས་གྲགས་པའི་རོལ་དབྱངས་རྡིག་སྒྲ་དེས་མཐའ་སྐོར་མིའི་ཡིད་ཀྱི་དང་བ་དྲངས་ཏེ་འཁྲབ་འདོད་ཀྱི་བ་སྤུ་གཡོ་བར་བྱེད། བྲོ་པ་ཚོའི་ལུས་ལ་ཚོན་མདོག་བཀྲ་ཞིང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྱོན་གོས་གྱོན་འདུག ཁོང་ཚོའི་ལུས་ཀྱི་སྟངས་སྟབས་ནི་སྟོབས་ཤུགས་ཀྱིས་ཕྱུག་ལ། ལང་ཚོའི་མཛེས་པ་ཡིས་མི་སེམས་འཕྲོག རྡོག་བྲོའི་འདེགས་འཇོག་རེ་རེ་ཡིས་སྐྱིད་པའི་གྲོང་གསེབ་ཀྱི་འཚོ་བས་གནང་བས་དགའ་བདེ་ཚོར་ཐུབ། འཛིན་གྲྭ་སོ་སོས་གྲ་སྒྲིག་བྱས་པའི་ཞབས་བྲོ་ཚང་མ་ཧང་སངས་དགོས་པའི་ལྟད་མོ་འདུག བོད་ལ“གོམ་པ་སྤོ་ཤེས་པ་ཙམ་གྱིས་བྲོ་འཁྲབ་ཤེས”ཟེར་བའི་ཤོད་ཚུལ་ཞིག་ཡོད་པ་འདི་འདྲ་ཡོད་པས་ལོས་ཡིན་སྙམ། ཁྱད་པར་དུ“བྲོ་ཡི་གདན་ས་ནགས་ཤོད”ནི་དེ་འདྲ་རེད།

བྱེད་སྒོ་ཚང་མ་མཇུག་སྒྲིལ་ཟིན་ན་ཡང་། དེས་བརྒྱུད་སྤྲོད་བྱས་པའི་སྙིང་སྟོབས་ནི་སློབ་མ་ཚང་མའི་སེམས་སུ་ལྷོག་ལྷོག་ཏུ་འཁོལ་བཞིནཡོད། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博