http://zw.xzqnb.cn/Content/weixinlogo.png
ལོ་ངོ་དྲུག་ཅུ་ནི་སུའི་ངོས་ནས་བརྗོད་རུང་ཆེས་རིང་བའི་དུས་ཚོད་ཅ
http://zw.xzqnb.cn/m/content/2025-08/22/001350.html
《汉文版》 《藏文版》

第04版:ྲཙོམ་རིག་དགའ་ཚལ།

༄༅། །འབད་འཐབ་ཀྱི་ལམ་བུ། གྲུབ་འབྲས་ཀྱི་འོད་སྣང་།

༄༅། །བྱ་གཞག་དང་ཕུགས་བསམ་གྱི་ཆེད་དུ་འབད་དང་སློབ་མ་ཚོ།

༄༅། །བྱ་གཞག་དང་ཕུགས་བསམ་གྱི་ཆེད་དུ་འབད་དང་སློབ་མ་ཚོ།

༄༅། །སྐྱེ་ཁམས་ཀྱི་ཁོར་ཡུག་མཛེས་པའི་བོད་ལྗོངས།

2025ལོའི“སེ་འབྲུ་ལྟ་བུའི་ཁྱིམ་ཚང་གཅིག་”ཅེས་པའི་ཅང་སུའུ་དང་ཤིན་ཅང་ལྷ་ས་བཅས་ཀྱི་སྔོན་ཐོན་གཞོན་ནུའི་རུ་ཁག་གི་དབྱར་སྒར་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

等待处理…

༄༅། །འབད་འཐབ་ཀྱི་ལམ་བུ། གྲུབ་འབྲས་ཀྱི་འོད་སྣང་།

作者 བསྟན་འཛིན་འཇིགས་མེད།
2025年08月22日

ལོ་ངོ་དྲུག་ཅུ་ནི་སུའི་ངོས་ནས་བརྗོད་རུང་ཆེས་རིང་བའི་དུས་ཚོད་ཅིག་རེད་ལ། ལོ་ངོ་དྲུག་ཅུ་ནི་བྱ་དངོས་ཅི་རིགས་ལ་སྦྱར་ནས་སྨྲས་ན་ཉམས་མྱོང་མང་དུ་བསགས་ཤིང་འཕེལ་རྒྱས་ངེས་ཅན་བྱུང་བའི་གོམ་སྟབས་ཤིག་ཀྱང་རེད། ངས་དེ་རིང་འཕེལ་རྒྱས་དང་གཟི་བརྗིད་ཀྱི་སྲུབས་ཀ་ནས་མ་འོངས་པར་རྒྱང་ལྟ་དང་སྔར་སོང་ལ་ཕྱིར་མིག་བལྟ། ལོ་ངོ་དྲུག་ཅུ་ནི་སྐྱེ་བོ་ཕལ་པའི་ཆེས་སྤྱིར་བཏང་གི་ལང་ཚོའི་བརྒྱུད་རིམ་དང་མི་འདྲ་བར་དེའི་ནང་དུ་ཆེས་དམིགས་བསལ་གྱི་ལང་ཚོའི་གོམ་སྟབས་དང་བགྲོད་རིམ་ལུས་ཡོད།

ལོ་ཟླ་ནི་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་ཞིག་དང་འདྲ་བར་ཁུ་སིམ་ངང་བདག་ཅག་གི་དྲན་པའི་ཁྲོད་ནས་དལ་བུར་བཞུར། ཤུལ་དུ་ལུས་པ་ནི་ཡིད་ངོར་འཁོར་བའི་དྲན་འཆར་རེ་རེ་དང་མུ་མེད་ནམ་མཁའ་ལྟ་བུར་མཚོན། ༡༩༦༥ལོ་ནི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་གལ་ཆེན་ཞིག་སྟེ། ལོ་དེ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་གནམ་ས་བླ་འོག་གི་འཕོ་འགྱུར་ཡོང་བའི་སྔོན་འགྲོ་ཡིན། ལོ་ངོ་དྲུག་ཅུའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་རྙོག་འཛིང་དང་དཀའ་ངལ་དུ་མས་ཁེངས་པའི་མི་ཚེའི་འགྲོ་ལམ་ཞིག་དང་ཨ་ན་མ་ན་རེད། ཆེས་ཐོག་མའི་རྗེས་ལུས་ཀྱི་ལམ་ཁར་ང་ཚོ་རྨོངས་འཐོམས་དང་འཕེལ་རྒྱས་ཀྱི་གོམ་འགྲོས་ལ་བསྟུན་ཐབས་བྲལ་བ་ནི་མངོན་སུམ་ཞིག་ཡིན། ད་ཆ་སྔོན་ཐོན་ལམ་ཁའི་སྟེང་གི་ང་ཚོ་ནི་ཡོད་ཚད་དང་ལེན་ཐུབ་ཅིང་ཕུགས་བསམ་དང་མ་འོངས་པར་སྙེག་བཞིན་འཕེལ་རྒྱས་ཀྱི་དོན་དུ་དཀའ་སྤྱད་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ལེན་པར་བརྩོན།

ངའི་རྨོ་བོ་ལགས་དང་མཚུངས་པའི་མི་སྣ་མང་པོས་ལོ་ཟླའི་ཁུར་པོ་འདྲེན་པའི་གྲུ་ཁ་རྙིང་པར་ལངས་ཏེ། འདས་སོང་ལོ་ཟླའི་ཤིང་གི་སྡོང་པོར་སྡུག་རུས་བརྐོས་དཀྲོལ་བརྒྱབ་པའི་ཉིན་ཞག་རིང་མོར་ཕྱིར་བལྟས་ཀྱི་མིག་མདའ་འཕེན། ངས་ཁོང་གི་གསུང་ལ་ཐོས་འཛིན་གྱི་བུ་ག་གྲུང་པོར་ཕྱེ་ནས་ཉན་དུས་སྔ་མོ་ཁོང་ཚོའི་དུས་སྐབས་ལ་ཟས་སུ་རྩམ་པ་དང་ཞོག་ཁོག་མ་གཏོགས་མེད་ལ་སྐབས་རེ་ལྟོ་ཆས་ཟ་ཁོམ་མེད་པའི་ཁར་རང་ལུས་ལ་རང་དབང་ཟེར་བ་ཧ་ཅང་དཀོན། དེ་བས་ཀྱང་ཁོ་ཚོའི་དུས་སུ་ལུས་ལ་དྲོ་བའི་གོས་སོགས་ཡག་པོ་མེད་ལ་ལས་ཀ་ཅི་ཞིག་སྒྲུབ་རུང་ལས་ཕྱོད་ཆོད་པོ་མེད་པའི་དཀའ་ངལ་མང་དག་འཕྲད་ཀྱིན་ཡོད་པ་ངས་ཁོང་གི་མདུན་ནས་གསལ་པོར་ཚོར་བྱུང་། འོན་ཀྱང་བོད་རང་སྐྱོང་ལྗོངས་ཏེ་ངེད་ཅག་གི་མ་མ་མི་ཡུལ་གྱི་ཞིང་ཐང་གཤིན་པོ་འདི་རུ་འཁྲུངས་པས་ང་ཚོའི་འཚོ་གནས་ལ་རང་དབང་དང་མི་རིགས་རང་སྐྱོང་ཁུལ་དབུ་བརྙེས་པ་དེས་མ་འོངས་ཀྱི་འཕེལ་ཕྱོགས་ལ་རྨང་བཏིང་བ་དང་ཅིས་ནས་མཚུངས། ལོ་ངོ་དྲུག་ཅུ་འཁོར་བའི་དེ་རིང་ནི་ངེད་ཀྱི་མ་དྲིན་ཆེན་གྱི་འཁྲུངས་སྐར་དང་འབད་བརྩོན་ལས་ཐོབ་པའི་གྲུབ་འབྲས་ལེན་པའི་སྐལ་བཟང་རྫོགས་ལྡན་གྱི་ཉིན་ཡང་རེད།

འཇིག་རྟེན་གྱི་ནམ་ཟླ་ནི་གཙང་ཆབ་ལྟར་བཞུར་ཞིང་ལོ་ཟླ་ནི་གྲིབ་སོ་ལྟར་རིམ་གྱིས་འདས། མི་ལོ་དྲུག་ཅུའི་འདས་དོན་གླེང་བ་ནི་རིན་ཐང་དང་ཕྱིར་དྲན་བྱེད་ཆོག་པའི་དོན་ཞིག་རེད། ལོ་ངོ་འདི་དག་གི་གྲུབ་འབྲས་གཟེངས་སུ་ཐོན་པ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་མིག་མཐོང་ལག་ཟིན་ཡིན་པ་ཨ་ཅང་བརྗོད་མོད་རེད། དཔེར་ན་སོ་ཕག་ལས་གྲུབ་པའི་ཁང་པ་ཐོག་གཅིག་མ་ནས་ཨར་འདམ་ལས་གྲུབ་པའི་བ་གམ་ཅན་གྱི་ཁང་བཟང་། འབར་འབུར་བགྲོད་དཀའ་བའི་ལམ་ནས་ཁོད་སྙོམས་བདེ་བའི་སྣུམ་ནག་གཞུང་ལམ་དང་མྱུར་བགྲོད་གཞུང་ལམ། མཚོ་བོད་ལྕགས་ལམ་གྱི་གསར་བསྐྲུན་ལ་སོགས་པའི་ལས་གྲྭ་དུ་མས་ལོ་ངོ་དྲུག་ཅུའི་འཕོ་འགྱུར་དེ་བས་གསལ་བར་ཤེས། དེ་སྔོན་འཚོ་བཅུད་མི་འདང་བ་ནས་དུ་ད་ཆ་ཟས་རིགས་སྣ་མིན་སྣ་ཚོགས་རང་འདོད་ཀྱིས་ཟ་ཆོག དེ་སྔོན་ལུས་ལ་གྲང་ངར་གྱིས་ན་ཟུག་ལྡང་བ་ནས་ཚོན་མདོག་རྣམ་པར་བཀྲ་བའི་གྱོན་གོས་གྱོན་རྒྱུ་ཡོད་པ་སོགས་ལས་ཀྱང་ལོ་ངོ་དྲུག་ཅུའི་འཕོ་འགྱུར་མངོན་ཐུབ། སྔར་སོང་འདྲིས་ཤིང་གཤིབ་མྱོང་བའི་བྱ་དངོས་རྙིང་པ་དེ་ཚོས་ང་ཚོའི་འཚར་ལོངས་ཀྱི་འགྲོ་ལམ་དང་འགྱུར་ལྡོག་གི་ཕྱོགས་ཀུན་ལ་བདེན་དཔང་བྱས་ཤིང་། རང་ཉིད་ནར་སོན་པ་དང་སྦྲགས་སྤྱི་ཚོགས་འཕེལ་རྒྱས་མྱུར་བའི་ཚོར་བ་རེ་སྟེར། རེད་ལགས། འདས་པའི་ཕྱིར་དྲན་ནི་ང་ཚོའི་མི་ཚེའི་ཁྲོད་ཆེས་རྩ་ཆེའི་རྒྱུ་ནོར་གྱི་གྲས་ཤིག་ཡིན་ལ་ཇི་སྲིད་རྣམ་ཤེས་ལུས་པོ་དང་མ་བྲལ་བ་དེ་སྲིད་རྨི་ལམ་ལྟ་བུའི་དྲན་པར་བསྐྱིལ་ཆོག་པའི་བརྙས་རིས་ཤིག་ཀྱང་རེད།

ལོ་ངོ་དྲུག་ཅུའི་འཕེལ་རྒྱས་ཀྱི་གོམ་སྟབས་དེ་མེད་ན་དེ་རིང་གི་གྲུབ་འབྲས་འདི་ག་ལ་ཡོད། ང་ཚོ་དེ་རིང་སློབ་གསོ་མྱོང་བའི་གོ་སྐབས་བཟང་པོ་འདི་ཡང་རླབས་ཆེན་གྱི་གུང་ཁྲན་ཏང་གི་བཀའ་དྲིན་དང་འབད་འཐབ་ལས་ཁ་བྲལ་ཐབས་མེད། འཕོ་འགྱུར་གྱི་ལོ་ངོ་དྲུག་ཅུ་ནི་ཤེས་དཔལ་དང་འབྱོར་ཕྱུག མཐུན་སྒྲིལ། མཛེས་སྡུག ཞི་མཐུན་གྱིས་བཅིངས་པའི་ལོ་ཟླ་ཞིག་རེད། ང་ཚོས་ད་ལྟར་དབང་བཞིན་པའི་དངོས་ཡོད་ལ་ཁ་གཏད་ཅིང་ད་ལྟའི་ཡོད་ཚད་ལ་གཅེས་འཛིན་ཆེན་པོས་འབྱུང་འགྱུར་གྱི་འདུན་པ་དོན་གཉེར་བྱེད་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༣)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博