བོད་ཀྱི་སྐྱེ་ཁམས་ཀྱི་ཁོར་ཡུག་དེ་བས་ཡག་ཏུ་འགྲོ་རྒྱུའི་ཁ་ཕྱོགས་ཀྱི་རྟེན་གཞི་གཙོ་བོ་ནི་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་མཛད་སྐྱོང་སྲིད་ཇུས་བཟང་པོ་དང་ཁ་བྲལ་ཐབས་མེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་ལ་བརྟེན་ནས་བོད་ལྗོངས་འདི་འཛམ་གླིང་གི་ས་ཕྱོགས་གཞན་དང་འདྲ་བར་སྐྱེ་ཁམས་སྣོད་བཅུད་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡར་ཐོན་དང་། ཁོར་ཡུག་གཙང་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཡུལ་གྲུ་གསར་པ་ཞིག་གཏོད་བཞིན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་ཞེས་གསུངས་པ་ལྟར། ང་ཚོས་ངེས་པར་དུ་རང་གི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་དང་། ཚེ་སྲོག་ལ་བརྩི་མཐོང་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་བརྩི་མཐོང་བྱས་ཏེ། བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཏེ་བོད་ལྗོངས་འདི་ཉིད་ཀྱི་ཡུལ་ཁམས་དང་སྣོད་བཅུད་ཀྱི་ཁོར་ཡུག་ལ་གོས་གསར་གྱིས་མཛེས་རྒྱན་སྤྲས་པ་ལྟར་གང་སྤྱིར་འཕོ་འགྱུར་དང་། ཡར་ཐོན་ལ་ཁ་ཕྱོགས་པ་དང་བོད་ཀྱི་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་། དམངས་འཚོ་ལེགས་གཏོང་ཡོང་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་རྒྱུན་ཆད་མེད་པར་བྱེད་དགོས།
ངེས་པར་དུ་རང་བྱུང་ཁམས་དང་བསྟུན་པ་དང་། ཚན་རིག་དང་བསྟུན་ཏེ་རང་བྱུང་ཁོར་ཡུག་གི་རྩི་ཤིང་དང་། ནགས་ཚལ། འདམ་རྭ། གཙང་ཆུ། རྒྱུགས་ཆུ། མཚོ་དང་མཚེའུ། འཁྱགས་རོམ། རང་བྱུང་ཆུ་ཚན། རྩྭ་ཐང་སོགས་ལ་སྲུང་སྐྱོབ་འགན་སྲུང་ཐོག་མཛེས་སྡུག་ལྡན་པའི་ཁོར་ཡུག་བརྗེས་སྣོན་དང་། རང་བྱུང་སྐྱེ་དངོས་འདེབས་འཛུགས་ཀྱིས་སྐྱེ་དངོས་རིགས་མཐའ་དག་ལ་བདག་གཅེས་སྲུང་སྐྱོབ་དང་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་གོམ་པ་གསར་པ་སྤོ་རྒྱུར་སྦགས་བཙོག་འགོག་བཅོས་དང་། འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་མཛེས་སྡུག་ལྡན་ལ་ཁོར་ཡུག་གཙང་བའི་ཁྱིམ་གཞིས་ཀྱི་ཡུལ་གྲུ་གསར་པ་ཞིག་བསྐྲུན་དགོས།
 



 
         
         
        