西藏青年报藏文版ྲཙོམ་རིག་དགའ་ཚལ། ༄༅། །འབད་འཐབ་ཀྱི་ལམ་བུ།  གྲུབ་འབྲས་ཀྱི་འོད་སྣང་། ༄༅། །བྱ་གཞག་དང་ཕུགས་བསམ་གྱི་ཆེད་དུ་འབད་དང་སློབ་མ་ཚོ། ༄༅། །སྐྱེ་ཁམས་ཀྱི་ཁོར་ཡུག་མཛེས་པའི་བོད་ལྗོངས། 2025ལོའི“སེ་འབྲུ་ལྟ་བུའི་ཁྱིམ་ཚང་གཅིག་”ཅེས་པའི་ཅང་སུའུ་དང་ཤིན་ཅང་ལྷ་ས་བཅས་ཀྱི་སྔོན་ཐོན་གཞོན་ནུའི་རུ་ཁག་གི་དབྱར་སྒར་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

放大 缩小 默认

༄༅། །བྱ་གཞག་དང་ཕུགས་བསམ་གྱི་ཆེད་དུ་འབད་དང་སློབ་མ་ཚོ།

□ 作者 བསོད་ནམས་བཀྲ་ཤིས།

སློབ་གླིང་གི་ར་བར་ཤེས་རིག་གི་རྩི་བཅུད་ལེན་པའི་སློབ་མ་ཚོ། དུས་རབས་འདིའི་འཕེལ་རྒྱས་དང་དགོས་མཁོའི་ཆེད་དུ། ཤེས་རིག་གང་སྤྱིར་ཆུ་བོའི་རྒྱུན་བཞིན་འབད་དང་། མ་འོངས་ཀྱི་མེ་ཏོག་ཚོ། རང་ཉིད་ཀྱི་མདུན་ལམ་དང་ཕུགས་བསམ་གྱི་ཆེད་དུ་འབད་བརྩོན་དང་། རང་ཉིད་ཀྱི་མདུན་ལམ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འདིའི་འཛུགས་སྐྲུན་སླད་དུ་བརྩོན་པ། ཆང་རག་དང་ཐ་མག་སོགས་ཀྱི་དྲི་ངན་གྱིས་རང་ལུས་ཕུང་མཚམས་བཞག་སྟེ། རང་དགོས་ཀྱི་བཅུ་ཕྲག་རིག་པའི་གནས་ལ་འབད་དང་། སློབ་མ་ཡི་ཚོགས། དུས་དང་རྣམ་པ་ཀུན་ཏུ་འདུ་འཛི་ཆེ་བའི་ཨར་ཁང་དང་། རྒྱན་འཛུགས་རོལ་རྩེད་ཀྱི་དུས་ཚོད་གདའ་བར་མ་གནང་ཞིག

དུས་རབས་ཉེར་གཅིག་གི་གཞོན་ནུ་ཚོ་ལེ་ལོའི་དབང་གིས་ཇ་ཁང་ཨར་ཁང་དྲྭ་ཁང་བཅས་ཀྱི་ནང་དྲིན་ཆེན་ཕ་མའི་དངུལ་ལོར་ཕངས་མེད་དུ་མི་གཏོང་བར། མདུན་ལམ་བཟང་པོ་མངོན་འགྱུར་གྱི་ཆེད་དུ། ཤེས་ཡོན་གྱི་བདུད་རྩིས་ཕྱུག་པའི་སློབ་གླིང་འགྲིམས་ཏེ། རྩ་ཆེའི་དུས་ཚོད་འཕྲོ་བརླགས་མི་གཏོང་བར། གོ་སྐབས་བཟང་པོར་གཅེས་འཛིན་གྱིས་མི་ལེགས་བྱ་བ་སྣ་ཚོགས་སྤངས་ཏེ། ཤེས་རིག་ཡོན་ཏན་རྩེ་གཅིག་ཏུ་སྦྱངས་ནས་ཕུགས་བསམ་འདིའི་ཆེད་དུ། གཞན་ཕན་དོན་ཆེན་སྒྲུབ་པའི་འཇོན་ཐང་བདག་ལ་དབེན་ཡང་། བདེན་པའི་རྒྱུན་བསྐྱངས་གཡོ་སྒྱུའི་རྩ་བ་རྩ་གཏོར་སློབ་མ་ང་ཡིས་བྱེད། ད་ནས་བཟུང་སྟེ། བསམ་བློར་གསར་གཏོད་རང་བཞིན་དང་ལེ་ལོ་དང་སྒྱིད་ལུག་རིགས་ངན་སྤྱོད་ཚུལ་ཅི་རིགས་འདོར་ཏེ། རང་གི་ཕུགས་བསམ་དང་མདུན་ལམ། ཏང་དང་མི་དམངས། ཕ་མ་བཅས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་རིག་པའི་གནས་ལ་འབད་པ་ལྷུར་ལེན་གྱིས་རེ་བའི་བྱ་གཞག་མངོན་འགྱུར་ཡོང་བ་བྱེད་དགོས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明