འདི་ནི་བརྒྱད་གཅིག་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། བརྒྱད་གཅིག་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་བརྒྱད་གཅིག་སྡེ་ཁུལ་ཏང་ཨུད་དང་སྐྱིད་ཆུ་གཞུང་སྡེ་ཁུལ་ཏང་ཀྲི་པུའུ་དང་མཉམ་དུ་ཏང་དར་འོག་དམ་བཅའ་འཇོག་པ་དང“ཏང་ཞུགས་ཐོག་མའི་བསམ་འདུན་བརྟན་པོར་ངེས། ཆབ་སྲིད་རང་གཤིས་ཡུན་ནས་ཡུན་དུ་གནས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཏང་ཞུགས་གཏམ་རྒྱུད་མཉམ་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད། ཏང་ཡོན་ཚོས་ཏང་ཞུགས་ཀྱི་ཐོག་མའི་བསམ་འདུན་ལ་ཕྱིར་དྲན་བྱས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་ཆབ་སྲིད་ཀྱི་རང་གཤིས་ཡུན་ནས་ཡུན་དུ་གནས་ཐུབ་པར་བྱ་ཆེད་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།