ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི“མི་ཐབས་རིག་ནུས་དགེ་བརྩོན”གྱི་གོ་ལ་ཧྲིལ་པོའི་དབུ་ཚོགས་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་འཚོགས་ཤིང་། ཀྲུང་གོའི་གཞོན་ནུའི་འཐུས་མི་དང་བོད་ལྗོངས་མཆོག་ནོར་གྲངས་འཛིན་གསར་གཏོད་མཁན་བསྟན་འཛིན་ནོར་བུས་ཀྲུང་གོའི་འཐུས་མི་ཚོགས་པའི་ཁོངས་མིའི་ཚབ་བྱས་ནས་ཚོགས་འདུར་ཞུགས་ཏེ་གོ་ལ་ཧྲིལ་པོར་བོད་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་དང་སྐད་རིགས་མང་བའི་ལག་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞིའི་ཚོགས་ཆུང་གི་ཁོངས་མི་ཡིན་པའི་བསྟན་འཛིན་ནོར་བུས་དབུ་ཚོགས་ཐོག་ཀྲུང་གོའི་མི་རིགས་སྐད་ཡིག་གི་AIལག་རྩལ་གྱི་འཕེལ་རིམ་ངོ་སྤྲོད་བྱས་ཤིང་། ཁོང་གིས་སྣེ་ཁྲིད་པའི་མཆོག་ནོར་གྲངས་འཛིན་ཚོགས་པས་བོད་ཡིག་སོགས་གྲངས་ཉུང་མི་རིགས་སྐད་ཡིག་གི་རིག་ནུས་ལག་རྩལ་ཞིབ་སྤེལ་ཧུར་ཐག་བྱས་ནས་མི་རིགས་ཁག་གི་ཆ་འཕྲིན་དུས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ད་ཐེངས་ཀྱི་དབུ་ཚོགས་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་150ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི་ཞུགས་ཡོད། བསྟན་འཛིན་ནོར་བུ་དང་རྒྱལ་ཁབ་ཁག་གི་མཁས་དབང་ཚོས་AIཡི་མི་ཆོས་བཅོས་སྐྱོང་དང་ལག་རྩལ་མཉམ་ལས་སོགས་ཀྱི་གྲོས་གཞིའི་ཐད་སྤེལ་རེས་བྱས་པ་དང་འབྲེལ“མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བར་སྣ་མང་རིག་གནས་ཀྱི་ལྟ་ཕྱོགས་དང་གཞོན་ནུའི་གསར་གཏོད་སྟོབས་ཤུགས་དགོས”ཞེས་པ་ཡང་བཏོན་ཡོད། མཆོག་ནོར་གྲངས་འཛིན་ཚོགས་པས་ཞིབ་སྤེལ་བྱས་པའི་བོད་ཡིག་གི་AIལག་རྩལ་གྱིས་རིག་གནས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་སྐད་རིགས་མང་བའི་རིག་ནུས་སྣང་ཚུལ་ལ་ཀྲུང་གོའི་བོད་ཀྱི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད།
བདེ་དབང་གིས་བསྒྱུར།