http://zw.xzqnb.cn/Content/weixinlogo.png
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོ
http://zw.xzqnb.cn/m/content/2025-08/01/001312.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ། མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་ཐེངས་དང་པོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ།

བོད་ཀྱི་གཞོན་ནུ་མཉམ་འབྲེལ་རྒྱལ་ཚོགས་ ཀྱི་AIདབུ་ཚོགས་ལ་ཞུགས་པ།

བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ། ཏང་གཤིས་བློ་སྦྱོང་ཟབ་ཏུ་བཏང་།

等待处理…

ལྷ་ས་གྲོང་ཁྱེར་གྱི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ། མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

2025年08月01日

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་གཉེར་བའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ། མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོར་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་ཁང་གི་གཙོ་ཁྲིད་དགེ་རྒན་གདན་དྲངས་ནས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི”ཆེད་དོན་འཆད་ཁྲིད་བྱས་ཏེ། དུས་རབས་ཀྱི་འགྱུར་ལྡོག་དང་ལག་ལེན་གྱི་འཕེལ་རྒྱས་ལ་དམ་པོར་དམིགས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་འབྲེལ་བ་དམ་ཟབ་བྱས་ནས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཞིབ་ཕྲ་བརྗོད་པ་རེད།

གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི”དྲིལ་བསྒྲགས་སློབ་གསོ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སོགས་སྒྲིག་འཛུགས་རྒྱ་ཁྱབ་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་གཏོད་རྒྱུ་རེད།

ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博