http://zw.xzqnb.cn/Content/weixinlogo.png
དབྱར་ཁ་སྤང་ལ་སྐྱེས་པའི། །སྤང་རྒྱན་མེ་ཏོག་མཚར་ཡང་། །སྟོན་གྱི་བ
http://zw.xzqnb.cn/m/content/2025-07/11/001285.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་ཕ་ཡུལ་དང་དགུན་ཁ།

༄༅། །ཚོར་བ་སྐྱེན་པོའི་གླུ།

༄༅། །ཇོ་རིའི་གཤམ་གྱི་མི་སེམས་འགུལ་བའི་བྱ་བ།

等待处理…

༄༅། །ཚོར་བ་སྐྱེན་པོའི་གླུ།

作者 པདྨ་ལྷུན་གྲུབ།
2025年07月11日

དབྱར་ཁ་སྤང་ལ་སྐྱེས་པའི། །སྤང་རྒྱན་མེ་ཏོག་མཚར་ཡང་། །

སྟོན་གྱི་བསིལ་རླུང་ལྡང་སྐབས། །སད་དང་བ་མོས་བཅོམ་སོང་། །

ཆར་དུས་རི་མ་འདབས་ཀྱི། །སྤེན་མའི་རང་གཤིས་རྩུབ་ཀྱང་། །

གངས་དང་ལྷགས་པས་མི་བཟོད། །ལྕགས་ཐབ་ནང་ལ་གཟིམ་སོང་། །

བྱིའུ་ཆུང་སྐད་སྙན་འདོན་པ། །དཔྱིད་ཀ་སླེབས་སོང་བསམ་བྱུང་། །

དགུན་གྱི་ཁ་བའི་གྲང་ཟུག །ལུས་སེམས་མནར་བ་མི་བརྗེད། །

ཡར་ལ་བལྟས་པས་གངས་རི། ། མར་ལ་བལྟས་པས་མཚོ་མོ། །

ལུང་ཆུང་སྦུ་སུག་དོག་ཀྱང་། །སེམས་ཀྱི་བརྟེན་ས་རང་ཡིན། །

ཁྱེད་ནི་ལ་ཁའི་ཉི་མ། །བདག་ནི་ལང་ཚོའི་མེ་ཏོག །

རྟིང་མ་བསྐྱར་དུ་མཇལ་བའི། །སྨོན་ལམ་རིང་ནས་བཏབ་ཡོད། །

ཕ་མ་དྲན་པའི་སྐྱོ་གླུ། །ཏི་སིའི་ཕྱོགས་སུ་ལེན་པས། །

གངས་རི་བེམ་པོར་གནས་ཀྱང། །གདུང་བའི་སྤྱན་ཆབ་བསིལ་བྱུང། །

དབྱར་གྱི་ལྡོག་མེད་སྙེ་གྲ། །མགོ་ལྕོག་མཐོ་མཐོ་མ་གནང་། །

ད་གཟོད་འབྲས་ལྡན་དུས་སུ། །སྔོ་ལོ་ལངས་ནས་འཕྱར་ཡོང་། །

ཟླ་བའི་དཀྱིལ་འཁོར་ཀློང་ནས། །མཛེས་ལྡན་ལྷ་མོ་མཇལ་དུས། །

ཆུང་འདྲིས་བྱམས་པར་འཁྲུལ་ཡང་། །མཉམ་འགྲོགས་སྐལ་བ་མི་འདུག །

དཔྱིད་ཀྱི་ཕོ་ཉ་སླེབས་བྱུང་། །ལྗོན་ཤིང་མྱུ་གུ་འབུས་སོང་། །

ནུབ་ཀྱི་གྲང་རླུང་ངར་མོ། །ཉི་མའི་དྲོད་ཀྱིས་བཅོམ་སོང་། །

ལས་དང་སྐལ་བ་བཟང་པོས། །སྐྱིད་པའི་ས་འདིར་མཇལ་བས། །

ཆུ་དང་ཉ་མོ་བཞིན་དུ། །ནམ་ཡང་བྲལ་མེད་སྨོན་ལམ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博