http://zw.xzqnb.cn/Content/weixinlogo.png
ང་ལ་ཨ་ཕས་བཤད་པའི་སྒྲུང་ཞིག་ཡོད། སྒྲུང་དེའི་མིང་ལ《དྲི་མེད་ཀུན་
http://zw.xzqnb.cn/m/content/2025-06/27/001262.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་ཡུལ་གྱི་འཕོ་འགྱུར་ལས་ཁྱེད་ཀྱི་བཀའ་དྲིན་དྲན།

༄༅། །ཀ་ཕྲེང་ཆང་གི་ཉེས་པ།

༄༅། །ང་ལ་ཨ་ཕས་བཤད་པའི་སྒྲུང་ཞིག་ཡོད།

等待处理…

༄༅། །ང་ལ་ཨ་ཕས་བཤད་པའི་སྒྲུང་ཞིག་ཡོད།

作者 ཚེ་རིང་སྐྱིད་མོ།
2025年06月27日

ང་ལ་ཨ་ཕས་བཤད་པའི་སྒྲུང་ཞིག་ཡོད། སྒྲུང་དེའི་མིང་ལ《དྲི་མེད་ཀུན་ལྡན》ཟེར། མ་གཞི་ཆུང་དུས་ནས་འབུ་བརྐོ་བ་སོགས་ཁོམ་པ་ཡོད་རིགས་ལ་ཨ་ཕས་ང་ལ་སྒྲུང་དེ་ཤོད་མྱོང་མོད། སྔོན་ཆད་ཁ་གསལ་ཞིང་ཆ་ཚང་བ་དེ་འདྲ་ཡིད་ལ་ངེས་ཀྱི་མེད། ཡིན་ཡང་ད་ལོའི་དགུན་ཁའི་གུང་གསེང་རིང་ལྷ་སར་ཕྱིན་པས། ཤིན་ཧྭ་དཔེ་ཚོང་ཁང་ཞིག་ནས《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》དེབ་དེ་མཐོང་བས། དེ་ཉོས་ཏེ་རགས་ཙམ་ཀློག་རྒྱུའི་སྐལ་བ་བྱུང་། དེར་བརྟེན། ད་ཐེངས་རང་གིས་མཐོང་ཐོས་བྱུང་བའི་སྒྲུང་གི་ནང་དོན་མདོར་བསྡུས་ཤིག་འདིར་བཀོད་ན།

རྒྱལ་པོ་ས་སྐྱོང་གྲགས་པ་དང་རྒྱལ་མོ་དགེ་ལྡན་བཟང་མོ་གཉིས་ལ་སྲས་དྲི་མེད་ཀུན་ལྡན་ཞེས་པ་ཞིག་འཁྲུངས་ཤིང་། དྲི་མེད་ཀུན་ལྡན་གྱིས་ཆུང་དུས་ནས་སྦྱིན་པ་དཔག་ཏུ་མེད་པ་བཏང་སྟེ། ཡུལ་ཕྱོགས་དེའི་མི་ཐམས་ཅད་དབུལ་བའི་སྡུག་བསྔལ་ལས་བསྒྲལ་ལོ། །ཡུལ་པདྨ་ཅན་དུ་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བར་སྲས་མོ་མནྡྷེ་བཟང་མོ་ཞེས་བྱ་བ་ཞིག་ཡོད་པ་དེ་དྲི་མེད་ཀུན་ལྡན་གྱི་བཙུན་མོར་བླངས། རྗེས་ལ་ཡང་ཁོང་ཁྱོ་ཤུག་གཉིས་ལ་སྲས་ལྕམ་སྲིང་གསུམ་ཡང་རིམ་པ་བཞིན་འཁྲུངས། སྲས་ཆེ་བ་ལ་ལེགས་ལྡན། འབྲིང་བ་ལ་ལེགས་དཔལ། ཆུང་བ་ལ་ལེགས་མཛེས་མ་ཞེས་འབོད།

ཉིན་ཞིག་ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་རྒྱལ་པོ་ཞེས་པ་དེས་ངན་སེམས་བཅངས་ནས་རང་གི་འཁོར་བྲམ་ཟེ་བློ་གྲོས་ཞེས་པ་དྲི་མེད་ཀུན་ལྡན་གྱི་རྒྱལ་ཁབ་ལ་བཏང་། བྲམ་ཟེ་བློ་གྲོས་དྲི་མེད་ཀུན་ལྡན་ཡོད་པའི་རྒྱལ་ཁབ་ལ་ཡོང་ནས། དྲི་མེད་ཀུན་ལྡན་ལ་ནོར་བུ་དགོས་འདོད་དཔུང་འཇོམས་སྟེར་རོགས་ཞེས་པས། དྲི་མེད་ཀུན་ལྡན་གྱིས་སྔོན་ལ་སྟེར་འཚེར་བྱས་མོད། དེས་ཨུ་ཚུགས་བྱས་པས་མ་སྟེར་རང་སྟེར་བྱུང་བས། ཟླ་བ་གཅིག་གི་རྗེས་སུ་ནོར་བུ་སྟེར་བ་དེ་ཡབ་རྒྱལ་པོས་ཤེས་པས། ཁྲིམས་གཅོད་བཏང་ནས་ལོ་ངོ་བཅུ་གཉིས་བདུད་རི་ཧ་ཤང་སྐེམ་སྐེམ་ཞེས་པའི་ཡུལ་དུ་རྒྱང་འབུད་བཏང་།

ཁོང་འགྲོ་བའི་ལམ་བར་དུ་སློང་མཁན་འགའ་བྱུང་བས། རྒྱུ་ནོར་ཏོག་ཙམ་ཡོད་པ་དེ་ཡང་ཁོང་ཚོར་གནང་། དེ་རྗེས་རྟ་དང་གླང་ཆེན་སོགས་སྦྱིན་པ་བཏང་། དེ་ནས་ཡུལ་མང་པོ་བརྒྱུད་དེ་སོང་བ་དང་དབུལ་པོ་གསུམ་ཐུག་པ་རེད། དབུལ་པོ་གསུམ་ན་རེ། ང་ཚོ་ནི་རྒས་འཁོགས་ཡིན་པས་ལྟ་སྐྱོང་བྱེད་མཁན་གྱི་ཕྲུ་གུ་གཅིག་ཀྱང་མེད། ཁྱེད་ཀྱི་ཕྲུ་གུ་གསུམ་པོ་སྦྱིན་པ་གཏོང་རོགས་ཞེས་རེ་བ་ཞུས་པས། དྲི་མེད་ཀུན་ལྡན་གྱིས་སྒེར་སེམས་མེད་པར་ཕྲུ་གུ་གསུམ་པོ་སྦྱིན་པ་བཏང་བ་དང་། དེ་ནས་མུ་མཐུད་བསྐྱོད་པས་ཁོང་གི་ཆུང་མ་སློང་མཁན་བྱུང་བ་དང་དེ་ཡང་སྟེར། དེ་ནས་ཧ་ཤང་གི་ཡུལ་དུ་སླེབས། ཡུལ་དེ་རུ་ལོ་བཅུ་གཉིས་ཙམ་བསྡད་མོད་ཁོང་ལ་གནོད་སྐྱེལ་ཐུབ་མཁན་སུ་ཡང་མ་བྱུང་། ཕྱིར་ལོག་པའི་ལམ་བར་དུ། མིག་སློང་མཁན་བྱུང་བས་དེ་ཡང་སྟེར། མཐའ་མཇུག་ཁོང་གིས་སྦྱིན་པ་བཏང་བའི་དངོས་པོ་ཐམས་ཅད་མི་རྣམས་སེམས་འགུལ་ཐེབས་ནས་རང་འཇགས་སུ་ཚུར་ལོག་པ་རེད། དྲི་མེད་ཀུན་ལྡན་གྱི་མ་ཡུམ་སོགས་ཀྱིས་ཁྱིམ་གྱི་སྒོ་དྲུང་ནས་ཁོང་བསྒུགས་ཏེ་བསུ་མ་ཞུས་པ་དང་། དེ་ནས་བཟུང་ཁོང་ཚོ་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་རྒྱུ་བྱུང་།

སྒྲུང་དེའི་ནང་ང་ཚོར་སེར་སྣ་མི་བྱེད་པ། དྲི་མེད་ཀུན་ལྡན་ནང་བཞིན་སྦྱིན་པ་གཏོང་བའི་སེམས་དགོས་ཞེས་གསུང་ཡོད། པཱ་ལགས་ཀྱིས་ཀྱང་སྒྲུང་དེ་བཤད་རྗེས་ང་ལ་དེ་ལྟ་བུའི་སློབ་གསོའི་མྱོང་ཚོར་མང་པོ་ཞིག་ཤེས་སོང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博