ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་དང་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས་སྣེའུ་ཁུལ་གསར་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཉམ་དུ་ལྷ་ས་གྲོང་ཁྱེར་མ་འཇོག་ཏ་ཏི་བུ་བཅོལ་ཁང་གི་དགེ་སློབ་རྣམས“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་སྒོ་དབྱེའི་བྱེད་སྒོར་གདན་དྲངས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཕྲུ་གུ་ཚོའི་སེམས་སུ“མེ་ཟོན་བདེ་འཇགས”ཀྱི་ས་བོན་བཏབ་པ་དང་། ཕྲུ་གུ་ཚོས་ས་ཡུལ་དངོས་ནས་འགྲེལ་བཤད་ཉན་པ་དང་། ལྟ་སྐོར་བྱེད་པ། དངོས་སུ་མྱོང་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མེ་ཟོན་ཡོ་བྱད་དང་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལོན་བྱས་པ་མ་ཟད། ལག་ལེན་ཁྲོད་རང་ཟོན་རང་སྐྱོབ་བྱེད་སྟངས་སྦྱངས་ཏེ་ཆུང་དུས་ནས་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་འཇགས་པར་བྱས་ཡོད་ཅིང་། འདི་ནི་ཕྲུ་གུ་ཚོས་མེ་ཟོན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་མེ་ཟོན་ཤེས་བྱའི་འགྲེལ་བཤད་ཉན་བཞིན་པ།
བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།