http://zw.xzqnb.cn/Content/weixinlogo.png
2024ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ཀྱི་
http://zw.xzqnb.cn/m/content/2025-06/13/001235.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྷོ་ཁ་གྲོང་ཁྱེར་གྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤེལ་རེས་དང་ཆེད་དོན་ཚོང་འགུགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ།

བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཀྱི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

ནུབ་རྒྱུད་འགྲེམས་ཚོགས་སྐབས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ལ་དོ་ཁུར་ཆེན་པོ་བྱེད་པ།

མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཆུང་དུས་ནས་སེམས་སུ་འཇགས་པར་བྱས་པ།

ལྷ་ས་སྐྱིད་ཆུའི་འགྲམ་དུ་མཛེས་སྡུག་ ལྡན་པའི་ཁྱིམ་གཞིས་སྐྲུན།

等待处理…

བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཀྱི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

2025年06月13日

2024ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་སྤྱི་ཡོངས་ཀྱི་རྒྱུན་སྲུང་རྒྱུན་འཁྱོངས་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་རིམ་གཉིས་ཚད་གཞིར་སླེབས་པ་དང་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཕྲེང་99.5%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད། ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་རྒྱུན་མཐུད་རྒྱུན་སྲུང་རྒྱུན་འཁྱོངས་ལེགས་པའི་རྣམ་པར་གནས་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། གསལ་སྟོན་ལ་ལྟ་ཞིབ་ཚད་ལེན་བྱས་ན། རང་ཁུལ་གྱི་སྐྱེ་ཁམས་ཀྱི་ཁོར་ཡུག་སྤུས་ཚད་གནས་ཚུལ་སྤྱི་ཡོངས་ནས་རྒྱུན་སྲུང་རྒྱུན་འཁྱོངས་བརྟན་ལྷིང་ཡིན་པས། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཀྱི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རང་ལྗོངས་ཀྱི་ཆུ་ཀླུང་གཙོ་བོའི་མཚོ་མཚེའུ་ཡི་ཆུ་སྤུས་རིགས་གསུམ་པའི་ཆུ་གཟུགས་ཀྱི་སྡུར་ཕྲེང་100%ལ་སླེབས་པའམ་ཡང་ན་དེ་ལས་ལེགས་པས་བཏུང་ཆུའི་ཆུ་ཁུངས་ཀྱི་སྤུས་ཚད་100%ཟིན་ཡོད་པ་རེད། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་བདེ་འཇགས་ངང་གནས་ཡོད། རང་བྱུང་སྐྱེ་ཁམས་ཀྱི་གནས་ཚུལ་སྤྱི་ཡོངས་ནས་བརྟན་ལྷིང་ཡིན་པ་དང་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆར་བརྟན་པོ་ཡིན་པས་ཁོར་ཡུག་གི་སྤྱིའི་སྤུས་ཚད་ལེགས་པོ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཁུལ་དུ་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ཐིང་རིམ་པའི་འགོ་ཁྲིད་ཀྱི་ཙུའུ་ཀྲང་གིས་འགན་འཁུར་བའི་ལྟ་ཞིབ་ཚོགས་ཆུང་གསུམ་བཙུགས་ཡོད་པས། ས་གནས་དང་གྲོང་ཁྱེར་བདུན་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བཅོས་སྒྲིག་བྱས་ཚུལ་ལ་ཆེད་དམིགས་ལྟ་སྐུལ་བྱས་ནས། རང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གྱི་བསམ་འཆར་གནད་དོན་བཅོས་སྒྲིག་དངོས་སུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་འགན་ལེན་ཐུབ་ཡོད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博