http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས“དམའ་དབྱིངས་མཐུན་སྦྱོར། སྤྲིན་རུམ་
http://zw.xzqnb.cn/m/content/2025-06/13/001234.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྷོ་ཁ་གྲོང་ཁྱེར་གྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤེལ་རེས་དང་ཆེད་དོན་ཚོང་འགུགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ།

བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཀྱི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

ནུབ་རྒྱུད་འགྲེམས་ཚོགས་སྐབས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ལ་དོ་ཁུར་ཆེན་པོ་བྱེད་པ།

མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཆུང་དུས་ནས་སེམས་སུ་འཇགས་པར་བྱས་པ།

ལྷ་ས་སྐྱིད་ཆུའི་འགྲམ་དུ་མཛེས་སྡུག་ ལྡན་པའི་ཁྱིམ་གཞིས་སྐྲུན།

等待处理…

ལྷོ་ཁ་གྲོང་ཁྱེར་གྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤེལ་རེས་དང་ཆེད་དོན་ཚོང་འགུགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བ།

2025年06月13日

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས“དམའ་དབྱིངས་མཐུན་སྦྱོར། སྤྲིན་རུམ་ལྷོ་ཁ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤེལ་རེས་དང་ཆེད་དོན་ཚོང་འགུགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་དམའ་དབྱིངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་པའི་འཐུས་མི་བཅས་50ལྷག་ཙམ་གདན་དྲངས་པ་མ་ཟད། ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་3ལ་གན་རྒྱ་བཞག་ཡོད།

སྤེལ་རེས་ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས“མིག་སྔའི་རྒྱབ་ལྗོངས་ཆེན་པོའི་འོག ལྷོ་ཁ་གྲོང་ཁྱེར་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་ཏེ། ལས་རིགས་ཀྱི་གཙོ་གནད་དང་། ལྷོ་ཁའི་གོ་སྐབས། ཐོན་ལས་སྟོབས་ཆེར་གཏོང་བ་སོགས་ནས་ལྷོ་ཁའི་དམའ་དབྱིངས་དཔལ་འབྱོར་ལ་ཐབས་དང་ཇུས་བཏོན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་རྣམ་པ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)12ཀྱིས་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ཁེ་ལས་ལ་ཡུལ་དེ་གའི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་ཀྱི་ལེགས་ཆ་དང་། ཚོང་འགུགས་ཀྱི་གཙོ་གནད། ལེ་ལག་ཚང་བའི་སྲིད་ཇུས་གནས་ཚུལ་བཅས་ངོ་སྤྲོད་བྱས་པ་དང་། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་ས་གནས་ས་ཐོག་ཏུ་མཉམ་ལས་བྱེད་འདོད་པའི་དགོས་མཁོ་དང་གྲོས་འགོ་བཏོན་པ་རེད།

དེ་དང་ཆབས་ཅིག ཁེ་ལས་མཁས་པའི་འཐུས་མིས་རྣམ་གྲངས་འགྲེམས་སྟོན་བྱས་པ་དང་འབྲེལ་ལྷོ་ཁ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ཐེན་ཅིན་བདུན་དྲུག་བཞི་འཕྲིན་གཏོང་ཕྱོགས་སྟོན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་ཁྲོང་ཀྲི་ལིན(སུའུ་ཀྲོའུ)ཚན་རྩལ་ཚད་ཡོད་ཀུང་སི། པེ་ཅིང་ཅུས་ཧེང་པོ་ལེན་ཚན་རྩལ་ཚད་ཡོད་ཀུང་སི་བཅས་དང་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་དམའ་དབྱིངས་དཔལ་འབྱོར་འཁོར་འབྲེལ་གྱི་ཁེ་ལས་གཙོ་བོ་བོད་ལྗོངས་ཁྲོང་པོ་ཐུང་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཁྲང་ཧྥེ་ཀུང་སི་དང་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་འབུམ་རམས་པ་4ལ་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་གདན་ཞུའི་ཡི་གེ་སྤྲད་དེ། ལྷོ་ཁའི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བློ་རིག་གི་འདེགས་སྐྱོར་ཆེན་པོའང་བྱས་ཡོད།

དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博