http://zw.xzqnb.cn/Content/weixinlogo.png
ཟླ་6ཚེས་2ཉིན་2025ལོའི་ཀྲུང་གོའི་“ངོ་མཚར་”འགྲན་སློང་འགྲན་བསྡུར་(
http://zw.xzqnb.cn/m/content/2025-06/13/001233.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁུར་བ།

རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྷུན་གྲུབ་ཞིང་རར་ཏང་གཤིས་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

2025ལོའི་ཀྲུང་གོའི་“ངོ་མཚར་”འགྲན་སློང་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སྤེལ་འགོ་ཚུགས་པ།

等待处理…

2025ལོའི་ཀྲུང་གོའི་“ངོ་མཚར་”འགྲན་སློང་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སྤེལ་འགོ་ཚུགས་པ།

2025年06月13日

ཟླ་6ཚེས་2ཉིན་2025ལོའི་ཀྲུང་གོའི་“ངོ་མཚར་”འགྲན་སློང་འགྲན་བསྡུར་(བོད་ལྗོངས•གྲ་ནང་ས་ཚིགས་)ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་དངོས་སུ་འགོ་ཚུགས་པ་རེད། འགྲན་བསྡུར་ཐོག་མ་དེ་ནི་ས་བབ་མཐོ་བའི་ས་ཁུལ་དུ་གཉེར་བ་ཞིག་ཡིན་ལ་བོད་ལྗོངས་སུ་ཐེངས་དང་པོར་གཉེར་བའི་འགྲན་བསྡུར་ཞིག་ཀྱང་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོའི་ཀོ་གྲུ་མཐུན་ཚོགས། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་མཛུབ་ཁྲིད་གནང་བ་དང་། གྲ་ནང་རྫོང་མི་དམངས་སྲིད་གཞུང་། ལྷོ་ཁ་གྲོང་ཁྱེར་སློབ་གསོ་(ལུས་རྩལ་ཅུས་)ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། ལྷོ་ཁ་གྲོང་ཁྱེར་ཕྱི་རོལ་འགུལ་བསྐྱོད་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་འཁུར་བ་རེད། འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་ལུས་རྩལ་པ་200ཙམ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཀོ་གྲུ་དང་། རྐང་འཁོར། བྱེད་བགྲོད་རྒྱུག་ཤར་བཅས་རྣམ་གྲངས་གསུམ་ཡོད་དེ། སྐྱེས་པ་དང་བུད་མེད་ཡོངས་བསྒྲགས་ཚོགས་ཆུང་དང་འགྲན་སློང་ཚོགས་ཆུང་(ཕོ་མོའི་དབྱེ་བ་མེད་པ་)དང་། ཡོངས་བསྒྲགས་ཚོགས་ཆུང་ནི་ཕུལ་བྱུང་བདམས་ཐོན་པར་ཁ་ཕྱོགས་པ་དང་འགྲན་སློང་ཚོགས་ཆུང་ནི་རྒྱ་ཆེའི་ལུས་རྩལ་ལ་དགའ་ཞེན་ཡོད་མཁན་ལ་ཁ་ཕྱོགས་ཡོད།

འགྲན་བསྡུར་གྱི་འགོ་ཚུགས་ས་ཆ་ནི་གྲ་ནང་རྫོང་བྱེས་སྒང་སྒྱུ་རྩལ་སྤྱི་གླིང་དུ་ཡིན་པ་དང་བདམས་ཐོན་པས་སྔོན་ལ་སྤྱི་ལེ་20.3ཙམ་རྐང་འཁོར་ཞོན་ནས་ཡར་ཀླུང་གཙང་པོའི་གཞུང་ལམ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བརྗོད་བྱ་གཙོ་བོའི་བྱེ་ཐང་སྤྱི་གླིང་བརྒྱུད་ནས་འགྲོ་དགོས་ཡོད་པ་རེད། དེ་རྗེས་བསམ་ཡས་གྲུ་ཁར་རྣམ་གྲངས་ཀྱི་ཀོ་གྲུ་བཏང་ནས་ཡར་ཀླུང་གཙང་པོའི་མཛེས་ལྗོངས་ལྟ་ཁུལ་སྟེགས་བུ་བར་འགྲོ་དགོས། མཇུག་ཏུ་བདམས་ཐོན་པས་ཡར་ཀླུང་གཙང་པོའི་འགྲམ་དུ་རྒྱུག་ཤར་གློད་དེ་ལེགས་གྲུབ་ཀྱི་འགྲན་བསྡུར་གསུམ་ལ་གཞིགས་ནས་དུས་ཀྱིས་མཐའ་མའི་གྲུབ་འབྲས་ཐག་གཅོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱ་ཆེད། འགྲན་ལམ་རྒྱུད་དུ་སྨན་བཅོས་ས་ཚིགས་དང་། འཕྲལ་སྡོམ་མྱུར་སྐྱོབ་རླངས་འཁོར་སོགས་མཁོ་སྤྲོད་ས་ཚིགས་བཙུགས་ནས་ལུས་རྩལ་པ་ཚོར་ཕྱོགས་ཡོངས་ཀྱི་འགན་ལེན་བྱས་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནི་2025ལོའི་ཀྲུང་གོའི“ངོ་མཚར་”འགྲན་སློང་འགྲན་བསྡུར་གྱི་ས་ཚིགས་དང་པོ་ཡིན་པ་མ་ཟད། བོད་ཀྱི་ཐོག་མའི་མཚོན་རྟགས་ཐེངས་དང་པོའམ་རྒྱལ་ཁབ་རིམ་པའི་ཀོ་གྲུའི་འགྲན་བསྡུར་ཡིན་ལ། གྲ་ནང་རྫོང་གིས་གཉེར་བའི་རྒྱལ་ཁབ་རིམ་པའི་ལུས་རྩལ་འགྲན་བསྡུར་ཐེངས་དང་པོ་ཡང་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博