ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ལྷུན་གྲུབ་ཞིང་རའི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་གཤིས་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་པ་རེད།
ཏང་ཡོན་ལས་བྱེད་པས་ཅ་ལག་རྙིང་པ་དང་། འདྲ་པར་རྙིང་པ། 《གཞོན་ནུ་ཤེས་ཡོན་ཅན་གྱི་ལོ་ཟླ》ཞེས་པའི་གློག་བརྙན་བཅས་ལ་གཅིག་སྡུད་ཐོག་བལྟས་ཏེ། རྒྱ་ཆེའི་གཞོན་ནུ་ཤེས་ཡོན་ཅན་གྱིས་འབོད་སྐུལ་དང་ལེན་ཞུས་པ་དང་། ས་མཐོར་གཞི་ཚུགས་པ། དཀའ་སྤྱད་འབད་འཐབ་བྱས་པ་བཅས་ཀྱི་སྙིང་སྟོབས་གཏིང་ཟབ་ཚོར་བ་བྱས་ནས། གཞོན་ནུ་ཤེས་ཡོན་ཅན་དང་ས་གནས་དེ་གའི་ཞིང་འབྲོག་པས་མཉམ་དུ་ངལ་རྩོལ་དང་། སྤེལ་རེས། འགྲོ་འོང་། མཉམ་འདྲེས་བཅས་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་ལ་ཕྱིར་དྲན་བྱས་པ་རེད།
ཐང་མིང་དབྱིན་གྱིས་གསུངས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུ་དེ་ཉིད“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། གཞོན་ནུ་ཤེས་ཡོན་ཅན་དང་འཛུགས་སྐྲུན་པ་རྒན་རབས་ཚོའི“དཀའ་ངལ་ལ་མགོ་མི་སྒུར་བ་དང་། ལས་འགན་ལ་སྡུག་སྐད་མི་རྒྱག་པ། ཁེ་ཕན་ལ་མི་རྔམ་པ”བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ལས་བཟོ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྤྲོ་སེམས་དང་བློ་སྟོབས་དེ་བས་ཆེ་བའི་སྒོ་ནས་བཟོ་ཚོགས་ལས་དོན་ནང་ཞུགས་དགོས།
བསྟན་བློས་བསྒྱུར།