http://zw.xzqnb.cn/Content/weixinlogo.png
འདི་ནི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གས
http://zw.xzqnb.cn/m/content/2025-06/13/001231.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁུར་བ།

རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྷུན་གྲུབ་ཞིང་རར་ཏང་གཤིས་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

2025ལོའི་ཀྲུང་གོའི་“ངོ་མཚར་”འགྲན་སློང་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སྤེལ་འགོ་ཚུགས་པ།

等待处理…

ལང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁུར་བ།

ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་གྱི་བོད་ལྗོངས་ལྷ་སའི་ཆེད་དོན་ཚོགས་ར་གཉེར་བ།

2025年06月13日

འདི་ནི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་གྱི་བོད་ལྗོངས་ལྷ་སའི་ཆེད་དོན་ཚོགས་ར་གཉེར་བའི་ལས་ཡུལ་དངོས་ཡིན།

ཟླ་6ཚེས་4ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་རྩ་འཛུགས་པུའུ་དང་གཞོན་ནུ་འཕེལ་རྒྱས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་“ལང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁུར་བ་”ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་བྱ་དགའ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་ར་དང་པོ་ལྷ་སར་རྒྱལ་ཁའི་ངང་འཚོགས་པ་རེད། ཁུལ་ཁག་གི་ཐད་གཏོགས་གུང་གཞོན་སྡེ་ཚོགས་རྕ་འཛུགས་ཀྱི་འགན་འཁུར་བློ་མཐུན་དང་། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་།“གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད”ཀྱི་སློབ་མ་དང་། སྡེ་ཚན་ཁག་དང་ལས་རིགས་ཁག་གི་ཁྱབ་ཁོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་འཐུས་མི་སོགས་མི་གྲངས་300ལྷག་ཙམ་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོར་2025ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་དྲིལ་བསྒྲགས་པར་གཞི《ལང་ཚོའི་གཟི་འོད་རབ་ཏུ་འཕྲོ》ཞེས་པ་གཅིག་སྡུད་སྒྲིག་འཛུགས་ཀྱིས་བལྟས་ནས། དུས་རབས་གསར་པའི་གཞོན་ནུ་ཚོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་འགན་འཁྲི་དང་ལས་འགན་ཚོར་བར་བྱས་པ་མ་ཟད། “ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་ལུའོ་ཧྥེང་དང་། 2025ལོའི་ལོ་འཁོར་གྱི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟཌ”ཀྱི་མཉམ་སྡེབ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཕུའུ་ཐུང་མོང་། 2025ལོའི་ལོ་འཁོར་གྱི“དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ”ཐོབ་མཁན་གྱི་འཐུས་མི་ཚེ་རིང་མཚམས་གཅོད་དང་ཝང་ཅེ་བཅས་གཞོན་ནུ་དཔེ་བཟང་བ་4གདན་དྲངས་ཏེ། ཁོང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་དང་བློ་སྟོབས་ཆེན་པོས་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཆེད་དུ་སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

བྱེད་སྒོའི་ཁྲོད་མཉམ་སྤྱོད་སྐུ་མགྲོན་གྱིས་གཞོན་ནུ་ཚོས་སེམས་ཁུར་དང་ཐུགས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་སྤེལ་རེས་དང་མཉམ་འགུལ་བྱས་ནས་ལང་ཚོའི་རིན་ཐང་ཇི་ལྟར་བྱས་ནས་མངོན་འགྱུར་ཡོང་བར་གྲོས་བསྡུར་བྱས་པ་རེད། སྒྲུང་སྦྱང་ཉན་པའི་གཞོན་ནུ་དང་བླངས་པ་ལིའུ་ཞའོ་ཅུན་གྱིས་སྒྲུང་སྦྱང་བྱས་པ་བརྒྱུད་ནས་ཁོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་ལང་ཚོས་འགན་འཁུར་བའི་ནང་དོན་ལ་སྔར་བས་གོ་བ་ལེན་ཐུབ་པ་དང་། སླད་ཕྱིན་རྒྱུན་ཆད་མེད་པར་མིག་དཔེར་སློབ་སྦྱོང་བྱས་ནས་ལང་ཚོར་དགེ་མཚན་ལྡན་པའི་ནུས་ཤུགས་ཐོན་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་བྱེད་སྒོ་ཐེངས་དང་པོ་མཇུག་འགྲིལ་རྗེས་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཁྱབ་ཁོངས་ཁག་གི་སྔོན་ཐོན་གཞོན་ནུ་དཔེ་མཚོན་མུ་མཐུད་སྒྲིག་འཛུགས་བྱས་ནས་ལས་ཁུངས་དང་། སློབ་གྲྭ གྲོང་གསེབ། སྡེ་ཁུལ། རྩ་འཛུགས་གསར་པ་གཉིས་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཐོག་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博