http://zw.xzqnb.cn/Content/weixinlogo.png
ང་ཚོའི་དུས་རབས་འདིར་སྐྱེ་བོ་ཞིག་ལ་ཀུན་སྤྱོད་བཟང་པོ་དང་ཤེས་ཡོ
http://zw.xzqnb.cn/m/content/2025-05/23/001207.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་།

༄༅། །ཀུན་སྤྱོད་ལེགས་ཉེས།

༄༅། །ཉི་མའི་འོད་ཟེར།

༄༅། །བསམ་གཞིགས།

等待处理…

༄༅། །ཀུན་སྤྱོད་ལེགས་ཉེས།

作者 གཡང་འཛོམས།
2025年05月23日

ང་ཚོའི་དུས་རབས་འདིར་སྐྱེ་བོ་ཞིག་ལ་ཀུན་སྤྱོད་བཟང་པོ་དང་ཤེས་ཡོན་བྱང་ཆུབ་པ་ཞིག་ལྡན་མེད་ན། ཕྱོགས་བསྡུས་ཤེས་རིག་དང་སྐྱེས་ཐོབ་ཤེས་རིག་གང་ཡང་མེད་པར་ཀུན་སྤྱོད་བཟང་པོ་གཅིག་པུས་མི་ཡོང་ཐབས་མེད་པ་ཞིག་རེད། གནས་ཚུལ་གང་འདྲ་ཞིག་ཡིན་ཡང་ཐུན་མོང་གི་ལྟ་བའམ་ཞིབ་འཇུག་བྱེད་པའི་ཁ་གཏད་ལངས་ནའང་རང་ཉིད་ཀྱི་ཐོག་མའི་སེམས་དེ་རྒྱུན་འཁྱོངས་དགོས།

གྲགས་ཅན་མི་སྣར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་མི་ཞིག་ལ་ལྡན་དགོས་པའི་རྩ་དོན། གཞན་དང་བསྟུན་དགོས་པའི་མི་ཆོས་རྩ་བ་དེ་ང་ཚོས་ཤེས་དགོས། དུས་རབས་གསར་པའི་གཞོན་ནུ་ངར་མཚོན་ན། སྲོལ་རྒྱུན་སྤྱོད་བཟང་དང་རིག་གནས་ལ་རྒྱུད་འཛིན་དར་སྤེལ་བྱེད་དགོས་པ་ནི་གལ་ཆེན་ཡིན། སྐྱེས་པའི་ཕ་མའི་ནོར་བུ་གསོ་བ་ཕ་མའི་འགན་འཁྲི་ཡིན། དེང་སང་། མི་ཞིག་གི་ཀུན་སྤྱོད་ལེགས་ཉེས་དེ་ཕ་མ་དང་འབྲེལ་བ་གལ་ཆེན་ཡོད། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱིམ་ཚང་སློབ་གསོ་དེ་མི་ཡག་པོ་ཞིག་འཚར་ལོངས་བྱེད་པའི་འགག་རྩ་ཡིན། འཚར་ལོངས་ཁྲོད་ཁོར་ཡུག་ག་གེ་མོས་ཀུན་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་དེ་ཚང་མས་མཁྱེན་གསལ་རེད། ཡིན་ན་ཡང་དེང་སང་སྤྱི་ཚོགས་སུ་ཀུན་སྤྱོད་བཙན་ཁྲིད་བྱེད་པའི་གནད་དོན་མང་པོ་ཞིག་ཐོན་པས། མི་ཚང་མས་ཡིད་གཟབ་བྱེད་དགོས་པ་མ་ཟད་རྙོག་འཛིང་གི་དཀའ་གནད་འདིར་བསམ་བློ་གཏོང་དགོས་པ་ཞིག་འདུག

ཁྲིམས་ལུགས་ནི་མངོན་པའི་ཀུན་སྤྱོད་ཡིན། ཀུན་སྤྱོད་ནི་སྦས་པའི་ཁྲིམས་ལུགས་ཡིན། ཀུན་སྤྱོད་དང་ཁྲིམས་ལུགས་ནི་ངོ་བོའི་སྟེང་ནས་མིའི་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཚད་གཞི་ཡིན། གཅིག་ཁྲིམས་གཞུང་དུ་བྲིས་པ་དང་གཅིག་སེམས་སུ་བྲིས་ཡོད། ཀུན་སྤྱོད་ཀྱི་འདེགས་སྐྱོར་མེད་ན་ཁྲིམས་ལུགས་ལ་ཡོངས་ཁྱབ་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར་ཐོབ་དཀའ། གལ་ཏེ་ཁྲིམས་ལུགས་མེད་ན་ཀུན་སྤྱོད་ལ་ཡང་འགན་སྲུང་མེད་པས་གོམ་པ་གང་ཡང་སྤོ་མི་ཐུབ། སྤྱི་ཚོགས་ངོས་ནས་བཤད་ན་གཉིས་ཀ་ཕྱོགས་གཅིག་ཏུ་སྲུང་དགོས།

སྟོབས་ཤུགས་ཀྱིས་ང་ཚོར་དྲང་བདེན་དང་བརྩེ་སེམས། སྐྱེས་ཐོབ་བཅས་ཀྱི་ཤེས་ནུས་འཚོལ་དུ་བཅུག་པས་སྟོབས་ཤུགས་དེ་ལ་འཇིག་རྟེན་དུ་མི་སེམས་འགུལ་བའི་མི་དང་བྱ་བ་གཏན་ནས་མི་ཆད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༦)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博