http://zw.xzqnb.cn/Content/weixinlogo.png
ང་ཚོ་མི་ཚང་མའི་སེམས་ནང་ལ་སོ་སོའི་ཉི་མའི་འོད་ཟེར་རེ་རེ་ཡོད། དེ
http://zw.xzqnb.cn/m/content/2025-05/23/001208.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་།

༄༅། །ཀུན་སྤྱོད་ལེགས་ཉེས།

༄༅། །ཉི་མའི་འོད་ཟེར།

༄༅། །བསམ་གཞིགས།

等待处理…

༄༅། །ཉི་མའི་འོད་ཟེར།

作者 ཤེས་བྱའི་པདྨ།
2025年05月23日

ང་ཚོ་མི་ཚང་མའི་སེམས་ནང་ལ་སོ་སོའི་ཉི་མའི་འོད་ཟེར་རེ་རེ་ཡོད། དེ་རིང་ངས་ངའི་སེམས་ནང་གི་ཉི་མའི་འོད་ཟེར་འདི་ངོ་སྤྲོད་བྱེད་རྒྱུ་ཡིན།

མི་མང་པོ་གཅིག་གི་ཉི་མའི་འོད་ཟེར་ནི་རང་གི་པྭ་ལགས་དང་ཨ་མ་ལགས་ཡིན། ཡིན་ཡང་ངའི་ཉི་མའི་འོད་ཟེར་ནི་ངའི་རྨོ་བོ་ལགས་ཡིན། རྒྱུ་མཚན་ནི་ང་ཆུང་དུས་ནས་ཕ་ཡུལ་ཨ་མདོ་ལ་བསྡད་པས་རྨོ་བོ་ལགས་ཀྱིས་ང་བལྟ་སྐྱོང་གནང་བ་ཡིན་ལ། ཆུང་དུས་ངའི་པྭ་ལགས་དང་ཨ་མ་ལགས་ཀྱིས་ང་ཕ་ཡུལ་ལ་བསྐྱལ་ཏེ་ངའི་རྨོ་བོ་ལགས་ལ་བལྟ་སྐྱོང་བྱེད་དུ་བཅུག་པ་རེད།

ངའི་རྨོ་བོ་ལགས་ཀྱིས་ང་ལ་བྱམས་སྐྱོང་བྱས་པ་དང་ང་ལ་ཤིན་ཏུ་དགའ་པོ་གནང་གི་ཡོད། ད་དུང་ངས་རྨོ་བོ་ལགས་ལ་ཅ་ལག་གང་ཞིག་དགོས་ཟེར་དུས་ངའི་རྨོ་བོ་ལགས་ཀྱིས་བསམ་བློ་ཅི་ཡང་མ་བཏང་བ་ང་ལ་ཉོས་ཀྱི་ཡོད། ངའི་རྨོ་བོ་ལགས་ཀྱིས་ད་དུང་ང་ལ་བྱམས་སྐྱོང་བྱས་པའི་ཟུར་ལ་ངའི་སློབ་སྦྱོང་ལ་ཡང་བློས་གཏོང་བྱེད་ཀྱི་མེད། ང་ཆུང་དུས་ནས་རྨོ་བོའི་འགྲམ་ལ་སླེབས་པ་ནས་བཟུང་ང་དང་ངའི་རྨོ་བོ་ལགས་ནི་འོ་ཆུ་གཅིག་འདྲེས་ཀྱི་འཚོ་བ་བསྐྱལ་བ་ཡིན།

ངས་རྒྱུན་གཏན་གྱིས་འཚོ་བའི་ནང་ལ་གནོད་གང་བསྐྱལ་ན་ཡང་ངའི་རྨོ་བོ་ལགས་ཀྱིས་གཤེ་གཤེ་བཏང་གི་མེད་པ་མ་ཟད་ང་ལ་བྱམས་པོའི་ངང་སྐྱོན་ཡོད་མ་རེད་ཞེས་ཟེར་གྱི་ཡོད། ད་དུང་ངས་ངའི་རྨོ་བོ་ལགས་ཀྱིས་ཟུར་ལ་བསྡད་ནས་གནས་ཚུལ་ཁྱད་མཚར་པོ་འདི་འདྲ་མང་པོ་བྱུང་ཡོད། དཔེར་ན་ངའི་རྨོ་བོ་ལགས་ཀྱིས་ང་ལ་བྱམས་སྐྱོང་བྱས་དྲག་ནས་ངས་ཚོད་མ་བྱས་པར་བྱིལ་རིལ་མང་པོ་བཟས་པས་སོ་ཚང་མ་རུལ་ནས་ནག་པོ་ཆགས་པ་མ་ཟད། ད་དུང་ཕ་ཡུལ་ལ་གནམ་གཤིས་ཚ་པོ་ཡོད་ནའང་ཞྭ་མོ་མ་གྱོན་པས་ངོ་གདོང་ཚང་མ་ནག་རྐྱང་ཆགས་འདུག །

རྗེས་སུ་ང་ལྷ་སར་སླེབས་དུས་ངའི་ཨ་མ་ལགས་ཧང་སངས་ནས་འདི་ངའི་བུ་མོ་རེད་དམ་ཟེར། ངའི་ཨ་མས་ད་དུང་ངའི་བུ་མོ་འདི་མར་སྐྱེས་དུས་གདོང་དཀར་པོ་སྙིང་རྗེ་མོ་ཞིག་ཡོད། ད་ལྟ་གདོང་ནི་སོལ་བ་ལྟར་ནག་པོ་འདུག་སྤྱོད་པ་ཡང་ངན་པོ་ཆགས་འདུག་འདི་འདྲ་ཅི་བྱས་པ་རེད་ཟེར།

ང་ནི་ངའི་རྨོ་བོ་ལགས་ལ་ཤིན་ཏུ་དགའ་པོ་ཡོད་པས་ད་ལྟ་ང་རྨོ་བོ་ལགས་དང་ཁ་བྲལ་བས་སེམས་ཤིན་ཏུ་སྐྱོ་པོ་འདུག ང་རྨོ་བོ་ལགས་དང་ཁ་བྲལ་ནས་ལོ་མང་པོ་ཕྱིན་ཡོད། ང་ནི་ད་ལྟ་བར་དུ་ངའི་རྨོ་བོ་ལགས་ཀྱིས་བྱམས་སྐྱོང་བྱས་པ་འདི་ཚོ་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ཉར་ཡོད།

ངའི་རྨོ་བོ་ལགས་ནི་ངའི་སེམས་ནང་གི་ཉི་མའི་འོད་ཟེར་འདི་ཡིན་པས་ངས་ནམ་ཡང་བརྗེད་མི་སྲིད་པའི་མི་འདི་ཡང་ཡིན་ནོ། །

ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ལོ་རིམ༩(༤)

ཟུར་ཁྲིད་དགེ་རྒན། དབང་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博