http://zw.xzqnb.cn/Content/weixinlogo.png
ཉིན་ཤས་རིང་གུང་གསེང་བཞག་པས་བྱ་བ་མང་པོ་ཞིག་བསྒྲུབ་པའི་གོ་སྐབས
http://zw.xzqnb.cn/m/content/2025-05/09/001184.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །གྱ་གྱུའི་ལམ་ཕྲན། མི་ཚེའི་སྐྱིད་སྡུག

《ཁྲུང་ཁྲུང་སྐར་མའི་སྒྲུང》བཀླགས་པའི་མྱོང་ཚོར།

སེ་འབྲུའི་མེ་ཏོག་བཞད་ནས་རྟེན་འབྲེལ་ཆེན་མོར་བསུ། གཞོན་ནུའི་སྐད་ཀྱིས་མཐུན་སྒྲིལ་ལ་བསྟོད་བསྔགས་བྱེད།

等待处理…

《ཁྲུང་ཁྲུང་སྐར་མའི་སྒྲུང》བཀླགས་པའི་མྱོང་ཚོར།

作者 ཚེ་རིང་དར་སྐྱིད།
2025年05月09日

ཉིན་ཤས་རིང་གུང་གསེང་བཞག་པས་བྱ་བ་མང་པོ་ཞིག་བསྒྲུབ་པའི་གོ་སྐབས་ཡོད་མོད། རྣམ་གཡེང་དབང་གིས་ལས་ཀ་ཅི་ཡང་སྒྲུབ་ཐུབ་མ་སོང་། ངས་བྱ་བ་ཅི་ཞིག་སྒྲུབ་དགོས་མིན་ཐད་ནས་བསམ་བློ་མང་པོ་ཞིག་བཏང་བ་ཡིན་མོད་ཀྱང་ཡིད་ལ་ཅི་ཡང་འཁོར་མ་སོང་།

དེ་རིང་ང་དང་འཛིན་གྲྭ་གཅིག་པ་ཡིན་པའི་ཚེ་རིང་མེར་འཛོམས་དང་འཆི་མེད་གཡང་འཛོམས་མཉམ་དུ་དགེ་རྒན་གྱི་ནང་ལ་སོང་བ་ཡིན། གལ་སྲིད་ཁོང་གཉིས་ཐུག་མེད་ན་ང་གཅིག་པུ་སྐད་ཡིག་དགེ་རྒན་གྱི་ཁྱིམ་དུ་འགྲོ་ཕོད་པ་མི་འདུག ང་ཚོ་རྒན་ལགས་ཀྱི་ནང་ལ་འབྱོར་བ་དང་དཔེ་སྒྲོམ་ཐོག་ལ་དཔེ་ཆ་མང་པོ་བསྒྲིགས་ཡོད་པ་མཐོང་བྱུང་། རྒན་ལགས་ཀྱིས་ཐོག་མར་ང་ཚོར་དཔེ་ཆ་ངོ་སྤྲོད་བྱས་པ་དང་། དེ་ནས་རང་རང་གང་ཞིག་གཡར་འདོད་ཡོད་ཀྱང་གཡར་ན་ཆོག་ཟེར། ངས《ཁྲུང་ཁྲུང་སྐར་མའི་སྒྲུང》ཞེས་པའི་དཔེ་ཆ་དེར་བསྙབས་པ་ཡིན། དེ་བསྙབས་རྗེས་གཡར་ཐོ་ཞིག་བྲིས་ཏེ་ནང་ལ་ལོག

ནང་ལ་སླེབས་རྗེས་ངས་དེབ་དེ་བཀླགས་པ་ཡིན། སྒྲུང་འདི་ནི་ནང་དོན་ཚན་པ་བཅུ་གཉིས་ཀྱིས་གྲུབ་པ་དང་། དེར་གཙོ་བོ་ང་ཚོར་ཁྲུང་ཁྲུང་ཞེས་པའི་བྱ་དེའི་ཕྱིའི་རྣམ་པ་དང་འཚོ་གནས་བྱེད་སྟངས་སོགས་ངོ་སྤྲོད་བྱས་ཤིང་། ཁྲུང་ཁྲུང་སྐར་མའི་ཐོག་མའི་གོམ་པ་སྤོ་ཚུལ་ནས་སྐད་བརྒྱབ་སྟངས་དང་། དཀའ་ལས་བརྒྱབ་ཏེ་ཟས་འཚོལ་བའི་རྣམ་པ་བཅས་ཞིབ་ཚགས་ཀྱིས་བྲིས་འདུག་པས། དེབ་དེ་བལྟས་ཚར་རྗེས་ངས་ཁྲུང་ཁྲུང་སྐར་མའི་དཀའ་སྡུག་འཚོ་བ་ལ་སྙིང་རྗེ་སྐྱེས་པ་དང་། ང་ཚོ་ནི་མི་ཞིག་ཡིན་པས་བྱ་དང་སྲོག་ཆགས་གཞན་དག་བཞིན་དཀའ་ངལ་དེ་འདྲ་བརྒྱུད་མི་དགོས་པས་དགའ་བ་ལ་ཨང་སྙམ་བྱུང་།

《ཁྲུང་ཁྲུང་སྐར་མའི་སྒྲུང》ཞེས་པའི་དཔེ་ཆ་དེ་བཀླགས་ནས་ང་ལ་སེམས་འགུལ་ཚད་མེད་ཅིག་ཐེབས་བྱུང་། དེ་ནི་བསམ་མེད་ཀྱི་ཁྲུང་ཁྲུང་ཞིག་གིས་དཀའ་ལས་འདི་འདྲ་རྒྱག་ཐུབ་དུས་ངས་དཀའ་ལས་འདི་འདྲ་རྒྱག་མི་ཐུབ་པ་གང་ཡིན་ནམ་བསམ། སྔོན་ཆད་ངས་དཀའ་ལས་ཏོག་ཙམ་བརྒྱབ་པ་དང་ཐང་ཆད་ནས་ལས་འདོད་མེད་པ་བྱེད་ཀྱི་ཡོད། འོན་ཀྱང་ད་ཐེངས་ངས《ཁྲུང་ཁྲུང་སྐར་མའི་སྒྲུང》ནང་གི་ཁྲུང་ཁྲུང་སྐར་མའི་སྙིང་སྟོབས་སམ་དཀའ་སྤྱད་སྙིང་རུས་ལ་སློབ་སྦྱོང་བྱེད་འདོད་བྱུང་། ང་ལ་ཡིད་ཆེས་ཡོད། གལ་སྲིད་ང་ཚོས་ད་ལྟ་སྡུག་རུས་ཀྱིས་སློབ་སྦྱོང་བྱེད་ཐུབ་ན་རྗེས་མ་རང་ཉིད་སྐད་གྲག་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་ངེས་ཡིན། དེ་ལས་ལྡོག་སྟེ་ང་ཚོས་དཀའ་ངལ་ལ་སྐྲག་ནས་སློབ་སྦྱོང་མ་བྱས་ན་མ་འོངས་པའི་ཁྱོད་ཀྱིས་ད་ལྟའི་ཁྱོད་ལ་ཁོང་ཁྲོ་ཟ་ངེས་རེད།

ངས་སྐད་ཆ་མང་པོ་ཞིག་བཤད་ཡོད་པ་ཕྱོགས་བསྡོམས་བྱས་ན། ཡི་གེ་ནི་ཧ་ཅང་གལ་ཆེན་པོ་རེད། ཡི་གེ་ཤེས་ཤིང་གོ་བ་ལེན་ཐུབ་ན་རང་ཉིད་ཀྱི་ལྟ་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་ཐུབ་པས། དཀའ་སྤྱད་འབད་བརྩོན་གྱི་སློབ་ལ་བརྩོན་དགོས། “ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། །ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་ཡིན། །”པས། ང་ཚོས་ཡི་གེ་ལ་དོ་སྣང་བྱས་ཏེ་དཔེ་དེབ་མང་ཙམ་ཀློག་དགོས། དེས་ང་ཚོར་སྔར་ན་མེད་པའི་བློ་སྒོ་འབྱེད་ཐུབ་བོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博