ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཞིང་འབྲོག་ཁུལ་གྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས“མཐོ་ས་ནས་བཀོད་སྒྲིག་དང་། གནད་ལ་འཁེལ་བའི་བཅོས་སྒྲིག ཕྱོགས་བསྡུས་དྲིལ་བསྒྲགས”བཅས་ཟུང་དུ་འབྲེལ་ནས་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ཁུལ་གྱི་མེ་གསོད་བདེ་འཇགས་ཀྱི་དུས་བབ་བརྟན་པོ་སྲུང་སྐྱོང་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྲིད་གཞུང་གི་ཆེད་བསྐོས་མེ་གསོད་དཔུང་ཁག་གི་མི་སྣ་དང་། རླངས་འཁོར། སྒྲིག་ཆས་བཅས་དང་མཉམ་སྒྲུབ་མཐུན་སྦྱོར་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། “སྔ་ཙམ་དང་། ཆུང་ས་ནས། ཐོན་མ་ཐག་མེད་པར་བཟོ་བའི”ནུས་པ་གང་ལེགས་བཏོན་ཏེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། སྤྱི་བདེ་མངགས་གཏོང་ཁང་དང་། ཆེད་བསྐོས་མེ་གསོད་རུ་ཁག མེ་གསོད་ལས་དོན་ས་ཚིགས་སོགས་ཀྱི་གཞི་རིམ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་བྱེད་སྒོ་སྤེལ་ཡུལ་དུ་ཕྱོགས་ཡོངས་ནས་མེ་གསོད་སྐོར་ཞིབ་དང་། ཤེས་རྟོགས་དྲུག ནང་སྦྱོང་གསོ་སྦྱོང་བཅས་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ(གྲོང་ལྷན)ཨུ་ལྷན་གཉིས། གཞི་རིམ་དྲ་མིག་པ་བཅས་སྐུལ་སློང་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ལ་གཅིག་སྡུད་གྲལ་བཤེར་དང་དྲིལ་བསྒྲགས་བྱས་པ་དང་།《ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་ཐོ་འགོད་རེའུ་མིག》འབྲི་བ། ས་གནས་ས་ཐོག་ཏུ་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་མཛུབ་ཁྲིད་བྱེད་པ། ཁྱིམ་ཚང་གི་མེ་གསོད་སྔོན་ཇུས་བཟོ་བ་བཅས་བྱས་ཏེ། མངོན་གསལ་དོད་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཤང་དང་གྲོང་རྡལ་མེ་ཟོན་ལས་དོན་ས་ཚིགས་ལ་རྩིས་སྤྲད་དེ་དམིགས་སའི་རང་བཞིན་ལྡན་པའི་དྲིལ་བསྒྲགས་ཞབས་ཞུ་དང་དྲན་སྐུལ་བྱས་པ་མ་ཟད། མེ་གསོད་ཡོ་ཆས་ཉོ་བར་སྐུལ་སློང་བྱེད་པ་དང་དེ་བཞིན་སྤྱོད་གོ་ཆེ་བའི་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་སོགས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་བ་རེད།
པ་ཕན་གྱིས་བསྒྱུར།