http://zw.xzqnb.cn/Content/weixinlogo.png
པེ་ཅིང་ཤར་ལམ་དུ་ཨར་སྐྲུན་བྱེད་རིང་། སྡེ་ཁུལ་གྱི་ཁྲོམ་གཞུང་དང་
http://zw.xzqnb.cn/m/content/2025-05/09/001180.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་གཏོང་གི“གསོན་ཉམས་དོད་པའི་སློབ་ཚན”

བྱེད་ཐབས་མང་པོ་སྤྱད་དེ་གཙང་སྦྲ་དོད་ལ་གོ་རིམ་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་པ།

ཞིང་འབྲོག་ཁུལ་གྱི་མེ་གསོད་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ།

རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

等待处理…

ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས།

བྱེད་ཐབས་མང་པོ་སྤྱད་དེ་གཙང་སྦྲ་དོད་ལ་གོ་རིམ་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་པ།

2025年05月09日

པེ་ཅིང་ཤར་ལམ་དུ་ཨར་སྐྲུན་བྱེད་རིང་། སྡེ་ཁུལ་གྱི་ཁྲོམ་གཞུང་དང་སྲང་ལམ་གྱི་གློག་སྒུལ་སྦག་སྦག་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“འབྱོར་ཐོ་གཉིས་དང་ཞབས་ཞུ་གཉིས”ཀྱི་ལས་ཀའི་ལམ་སྲོལ་ཧུར་ཐག་སྤྱད་དེ་སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པ་དང་། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག དེ་བཞིན“འབྱོར་ཐོ་གཉིས་དང་ཞབས་ཞུ་གཉིས”ཀྱི་ཚན་པའི་ཏང་ཡོན་བཅས་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དང་སྲང་ལམ་གྱི་གློག་སྒུལ་སྦག་སྦག་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་བ་རེད། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱིས་པེ་ཅིང་ཤར་ལམ་རྒྱུད་ཀྱི་གློག་སྒུལ་སྦག་སྦག་འཇོག་པའི་སྒྲིག་ལམ་གཙོ་གནད་ཐོག་ཚད་ལྡན་དུ་བཏང་སྟེ། འགྲོ་ལམ་བཟུང་ནས་ཚོང་གཉེར་བྱེད་པའི་སྐོར་སྐྱོད་ཚོང་པར་གཙང་བཤེར་དང་གྲོང་མིའི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱས་ཏེ་གཙང་སྦྲ་དོད་ལ་གོ་རིམ་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་པ་རེད།

སྡེ་ཁུལ་གྱི་ལས་དོན་པ་དུད་ཚང་ཁག་ཏུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་དང་སྐད་འཕྲིན་ཚོགས་པ་ནས་བརྡ་ཐོ་གཏོང་བ་སོགས་བརྒྱུད། པེ་ཅིང་ཤར་ལམ་རྒྱུད་ཀྱི་གྲོང་མི་དང་ཚོང་དུད་ལ་གློག་སྒུལ་སྦག་སྦག་གོ་རིམ་ལྡན་པའི་ངང་འཇོག་པ་དང་བདེ་འཇགས་ངང་གློག་གསོག་དགོས་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པ་རེད།

གློག་སྒུལ་སྦག་སྦག་འགྲོ་ལམ་དུ་གང་བྱུང་བཞག་པ་དང་མེ་ཟོན་བགྲོད་ལམ་བཟུང་སྤྱོད་སོགས་ཀྱི་གནད་དོན་ལ་དམིགས་ནས། སྡེ་ཁུལ་གྱིས་ཁྲོམ་གཞུང་དོན་གཅོད་ཁང་དང་ཏང་ཡོན་དང་བླངས་པ་དང་མཉམ་འབྲེལ་ཐོག་གཅིག་སྡུད་བཅོས་སྒྲིག་བྱས་པ་རེད། སྒྲིག་འགལ་ངང་བཞག་པའི་འཁོར་རིགས་གཙང་བཤེར་དང་སློབ་སྟོན་བྱས་ཏེ་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད་པ་རེད།

ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་བརྒྱུད། ཁྲོམ་གཞུང་དང་སྲང་ལམ་དུ་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། གྲོང་མིའི་བདེ་འཇགས་འདུ་ཤེས་དང་ཤེས་དཔལ་བྱང་ཚད་སྔར་བས་མཐོ་རུ་སོང་བ། སྡེ་ཁུལ་གྱི་ཁོར་ཡུག་སྔར་བས་གཙང་སྦྲ་དོད་ལ་གོ་རིམ་ལྡན་པ་བཅས་བྱུང་སྟེ། གྲོང་མིའི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博