http://zw.xzqnb.cn/Content/weixinlogo.png
འདི་ནི་ཟངས་རི་རྫོང་གི་ཏང་ཡོན་ལས་བྱེད་པས་ཟངས་རི་རྫོང་གི་ཀྲུང་
http://zw.xzqnb.cn/m/content/2025-05/09/001179.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་གཏོང་གི“གསོན་ཉམས་དོད་པའི་སློབ་ཚན”

བྱེད་ཐབས་མང་པོ་སྤྱད་དེ་གཙང་སྦྲ་དོད་ལ་གོ་རིམ་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་པ།

ཞིང་འབྲོག་ཁུལ་གྱི་མེ་གསོད་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ།

རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

等待处理…

ཟངས་རི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་གི

མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་གཏོང་གི“གསོན་ཉམས་དོད་པའི་སློབ་ཚན”

2025年05月09日

འདི་ནི་ཟངས་རི་རྫོང་གི་ཏང་ཡོན་ལས་བྱེད་པས་ཟངས་རི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་བདེ་བླག་ངང་འཛུགས་གཏོད་བྱས་ཡོད། ཟངས་རི་རྫོང་གིས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་མི་རིགས་མཐུན་སྒྲིལ་སློབ་གསོའི་གཡུལ་ས་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། འདི་ལོའི་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི“གསོན་ཉམས་དོད་པའི་སློབ་ཚན”གཞན་ཞིག་ཏུ་གྱུར་ཡོད།

ཟངས་རི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུཌ་པའི་སློབ་གསོ་ལག་ལེན་འགྲེམས་སྟོན་ཁང་གིས“ལོ་རྒྱུས་ཀྱི་བདེན་དཔང”དང་། “འོད་སྟོང་འཕྲོ་བ” “བོད་སྐྱོར་གྱི་བརྩེ་སེམས” “གསེར་མདོག་གི་གྲུབ་འབྲས”བཅས་ནང་དོན་བཞི་ལ་བརྟེན་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་དང་། གསར་བརྗེའི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གྲུབ་འབྲས་བཅས་དང་ཟུང་འབྲེལ་བྱས་ཏེ། ཡིག་རིས་འགྲེམས་པང་དང་། དངོས་རྫས་འགྲེམས་སྟོན། བརྒྱུད་ལམ་སྣེ་མང་མཉམ་འགུལ། ཡུལ་ལྗོངས་སོར་ལོག་སོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་མི་རིགས་ཁག་ས་ཆ་འདིར་རྒྱ་ཁྱབ་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས། དེ་བཞིན་བོད་སྐྱོར་ལས་དོན་གྱི་མངོན་གསལ་དོད་པའི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

འགྲེམས་སྟོན་ཁང་དེ་དངོས་སུ་སྤྱོད་འགོ་ཚུགས་ཚུན། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དེ་བཞིན་ཡུལ་སྐོར་བ་བཅས་ལ་རིན་མེད་ངང་སྒོ་ཕྱེ་བ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་བ་དེ་རྫོང་འདིས་དབྱིངས་ཞུགས་རྣམ་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།

ཟངས་རི་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགྲེམས་སྟོན་ཁང་དེ་ཏང་གཤིས་སློབ་གསོའི“གཱ་ཐོ་འགོད་སར”བརྩིས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་སྙན་ངག་གི་གློག་བརྙན་ལ་ལྟ་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཚད་ལྡན་ཡིག་ཆ་ནན་ཏན་ཀློག་པ། ཏང་གིས་མི་རིགས་ཁག་གི་མང་ཚོགས་ལ་འགོ་ཁྲིད་བྱས་ནས་མཐུན་སྒྲིལ་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་པའི་བརྒྱུད་རིམ་ལ་ཁུངས་འདེད་བཅས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲུང་སྐྱོང་པ་དང་། ལག་ལེན་པ། སྣེ་ཁྲིད་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད། འདི་ལོའི་ཟླ་4པའི་ཟླ་སྟོད་བར་འགྲེམས་སྟོན་ཁང་དེས་རིམ་རྩིས་བརྒྱབ་ན་འགྲེམས་སྟོན་ལ་ལྟ་བར་ཡོང་མཁན་ཁག་ཐེངས་16ལ་སྣེ་ལེན་ཞུས་པ་དེ་ཏང་ཡོན་ལས་བྱེད་པ་500ལྷག་ཙམ་ལ་ཁྱབ་ནས། རྫོང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་དུ་སྤེལ་བའི་གཡུལ་ས་གལ་ཆེན་ལ་གྱུར་ཡོད།

ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博