http://zw.xzqnb.cn/Content/weixinlogo.png
ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་གཙོ་ག
http://zw.xzqnb.cn/m/content/2025-05/02/001170.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྗོན་ཤིང་སྡོང་པོས་བསྩལ་བའི་འདུན་པ།

2025ལོར“གངས་ལྗོངས་ཀྱི་མཐའ་མཚམས་ལ་ཕུགས་འདུན་སྐྲུན ། གཞོན་ནུ་ལོ་ཆུང་དམག་གི་ནུས་རྩལ་ཐོན་པ།”

སེམས་མཐུན་གྱི་དོ་དམ་པ། དམངས་ཚོགས་ཀྱི་ཞབས་ཞུ་བ།

རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།

等待处理…

2025ལོར“གངས་ལྗོངས་ཀྱི་མཐའ་མཚམས་ལ་ཕུགས་འདུན་སྐྲུན ། གཞོན་ནུ་ལོ་ཆུང་དམག་གི་ནུས་རྩལ་ཐོན་པ།”

བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་འདུ་འཛོམས་སྦྱོང་བརྡར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

2025年05月02日

ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་ཤིང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་འགན་འཁུར་བྱས་པའི“གངས་ལྗོངས་ཀྱི་མཐའ་མཚམས་ལ་ཕུགས་འདུན་སྐྲུན། གཞོན་ནུ་ལོ་ཆུང་དམག་གི་ནུས་རྕལ་ཐོན་པའི”བོད་ལྗོངས་གཞོན་ནུ་ལོ་ཆུང་བརྒྱ་ཡི་དམག་དོན་འདུ་འཛོམས་སྦྱོང་བརྡར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་ཡོད།

ལྷ་ས་སློབ་འབྲིང་དང་ལྷ་སའི་མངའ་རིས་མཐོ་རིམ་སློབ་འབྲིང་ནས་ཡོང་བའི་སློབ་མ་100སྐབས་འདིའི་དམག་དོན་འདུ་འཛོམས་སྦྱོང་བརྡར་ནང་ཞུགས་པ་རེད།

དུས་ཡུན་ཉིན་དྲུག་གི་དམག་དོན་སྦྱོང་བརྡར་གྱི་བྱེད་སྒོ་དེས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དྲིལ་བསྒྲགས་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོ་དམ་པོར་ཟུང་འབྲེལ་བྱས་ནས། གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་སློབ་གསོ་དང་རྒྱལ་སྲུང་གི་རྒྱལ་ཁབ་ས་ཆའི་བདེ་འཇགས་སོགས་ཐད་ཀྱི་ལག་ལེན་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཏེ་གྲལ་སྟར་ལུས་སྟོབས་སྦྱོང་བརྡར་དང་། “རྒྱང་སྐྱོད་ལམ་གྱི་ཉམས་ལེན་”ཕྱི་རོལ་སྦྱོང་བརྡར། མེ་མདའ་དབྱེ་འབྱེད་ཟུང་འབྲེལ་སོགས་སྒྲིག་འཛུགས་བྱས་ཏེ་གཞོན་ནུ་ལོ་ཆུང་གིས་དམག་དོན་གྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་འདུ་ཤེས་སྔར་བས་བརྟན་དུ་བཏང་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ལྗོངས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་བརྩེ་སེམས་ལག་ལེན་བསྟར་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博