http://zw.xzqnb.cn/Content/weixinlogo.png
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གླ་གཡེར་གྲོང
http://zw.xzqnb.cn/m/content/2025-05/02/001171.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ལྗོན་ཤིང་སྡོང་པོས་བསྩལ་བའི་འདུན་པ།

2025ལོར“གངས་ལྗོངས་ཀྱི་མཐའ་མཚམས་ལ་ཕུགས་འདུན་སྐྲུན ། གཞོན་ནུ་ལོ་ཆུང་དམག་གི་ནུས་རྩལ་ཐོན་པ།”

སེམས་མཐུན་གྱི་དོ་དམ་པ། དམངས་ཚོགས་ཀྱི་ཞབས་ཞུ་བ།

རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།

等待处理…

སེམས་མཐུན་གྱི་དོ་དམ་པ། དམངས་ཚོགས་ཀྱི་ཞབས་ཞུ་བ།

རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས“གྲོང་གསེབ་ཀྱི་ གློག་དྲ་མཉམ་སྐྲུན”བྱེད་ཟབ་ཏུ་བཏང་བའི་སྐོར་བཀོད་པ།

2025年05月02日

ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གླ་གཡེར་གྲོང་ཚོའི་གྲོང་མི་ཚེ་རིང་གཡུ་སྒྲོན་གྱིས་གློག་སྤྱོད་བདེ་འཇགས་ལ་ཞིབ་བཤེར་བྱེད་མཁན་རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིའི་ལས་དོན་པར་སེམས་རྩ་འཁོལ་པོས“རྒན་བློ་བཟང་ལགས། ཡང་ཁྱེད་རང་ལ་བསུན་པོ་བཟོ་དགོས་བྱུང་སོང་། ངལ་གསོ་ཕྲན་ཙམ་བསྐྱོན་ནས་གསོལ་ཇ་གང་མཆོད་དང”ཞེས་བཤད།

ད་ཐེངས་ཀྱི་གློག་སྤྱོད་བདེ་འཇགས་ལ་ཞིབ་བཤེར་བྱེད་རིང་། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིའི་ཆེད་ལས་མི་སྣས་གླ་གཡེར་གྲོང་ཚོར་བསྐྱོད་དེ་གྲོང་ཚོའི་གློག་ཤུགས་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། གློག་སྒྱུར་ཆས་དང་། གློག་ཤིང་། གློག་སྐུད། གྲོང་མིའི་ཁྱིམ་གྱི་གློག་སྤྱོད་སྒྲིག་ཆས་ཚང་མར་མངོན་མེད་རྐྱེན་ངན་ཡོད་མེད་གྲལ་བཤེར་ཞིབ་ཚགས་བྱས་པ་རེད། སྐུད་ལམ་རྙིང་པ་འགའ་ཞིག་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་སྒྲིག་ཆས་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་དག་ཐེར་གྱི་ཇུས་གཞི་བཟོས་ནས་ཉེན་ཁ་གང་མགྱོགས་སེལ་ནས་གྲོང་མིའི་གློག་སྤྱོད་བདེ་འཇགས་འགན་ལེན་བྱས་པ་རེད།

2024ལོའི་ཟླ་4པར“གྲོང་གསེབ་ཀྱི་གློག་དྲ་མཉམ་སྐྲུན”གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་སྤྱོད་འགོ་བཙུགས་ཚུན། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས་རིམ་རྩིས་བརྒྱབ་ན་ལས་སྒོ་ཁག་112བདག་སྤྲོད་བྱས་པ་དང་། གྲོང་མིའི་རེ་ཞུ་ཐེངས་39ཐག་གཅོད་བྱས་པ། གློག་སྤྱོད་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཐེངས་9སྤེལ་བ། གླ་གཡེར་གྲོང་ཚོ་དང་དེ་བཞིན་མཐའ་འཁོར་གྱི་གྲོང་སྡེར་གློག་སྤྱོད་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་ཐེངས་4བྱས་པ། མང་ཚོགས་མི་ཐེངས་230ལྷག་ཙམ་ལ་ཞབས་འདེགས་ཞུས་པ། རྒྱུན་རྣམ་ཅན་གྱི་གྲོས་མོལ་ཐེངས་8བྱས་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博