西藏青年报藏文版ཕྱོགས་བསྡུས། ལྗོན་ཤིང་སྡོང་པོས་བསྩལ་བའི་འདུན་པ། 2025ལོར“གངས་ལྗོངས་ཀྱི་མཐའ་མཚམས་ལ་ཕུགས་འདུན་སྐྲུན ། གཞོན་ནུ་ལོ་ཆུང་དམག་གི་ནུས་རྩལ་ཐོན་པ།” སེམས་མཐུན་གྱི་དོ་དམ་པ། དམངས་ཚོགས་ཀྱི་ཞབས་ཞུ་བ། རང་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ།

放大 缩小 默认

ལྗོན་ཤིང་སྡོང་པོས་བསྩལ་བའི་འདུན་པ།

མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གིས་ལྗོན་ཤིང་འདེབས་པའི་སྐོར་བཀོད་པ།

འདི་ནི་དཔོན་དམག་ཚོས་ས་དོང་འདྲུ་བཞིན་པ།

“འཛམ་གླིང་གི་ཡང་རྩེའི་ཡང་རྩེར”ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པ་དང་། ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་འདུས་ཚད་དམའ་བ། གནམ་གཤིས་ངན་པ། སྔོ་ཁེབས་སྐྱེ་འཚར་དེ་བས་དཀའ་བས། ཆ་རྐྱེན་གང་ཞིག་ལ་བལྟས་ཀྱང་ལྗོན་ཤིང་འདེབས་པར་འཚམ་པོ་མེད། འོན་ཀྱང་ཁོང་ཚོས་ཁོར་ཡུག་ངན་པར་ཁ་གཏད་གཅོག་དོན་ནི་དེ་གར་སྔོ་ལྗང་ཅན་ཏུ་འགྱུར་ཆེད་རེད། ཉེ་ཆར་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གི་དཔོན་དམག་ཚོས་ལོ་གཅིག་དུས་གཅིག་གི་ཤིང་འཛུགས་ལས་ལ་གཞོལ་འགོ་ཚུགས།

དམག་སྒར་ཉེ་འདབས་ནི་སྐྱ་ཐེར་ཐེར་གྱི་ཐང་སྟོང་ཡིན་ལ། རྒྱབ་མདུན་གྱི་རི་རྒྱུད་ལའང་སྔོ་ལྗང་ལྗོན་ཤིང་ རྐང་གཅིག་ཀྱང་མཐོང་རྒྱུ་མེད། དེ་གར་གནམ་གཤིས་གྲང་ངར་ཆེ་བས་ལོ་ལྟར་ས་གཞི་ཆེན་པོ་འཁྱགས་ནས་རྡོ་ལྟར་མཁྲེགས་པོར་འགྱུར་ཏེ་ལྕང་ཁུང་འདྲུ་ཡང་དཀའ་བར་འགྱུར་གྱི་ཡོད།

ཁོང་ཚོས་འཁྱགས་སའི་མདུན་དུ་ཐབས་ཟད་འུ་ཐུག་ངང་མི་སྡོད་པར་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང་། ནུས་ལྡན་གྱི་འདྲུ་ཐབས་རྒྱུན་ཆད་མེད་པར་ཚོད་ལྟ་བྱས་ནས། ཉི་འོད་ལ་བརྟེན་ཏེ་ས་རྒྱུ་ཅུང་མཉེན་པོར་གྱུར་རྗེས་མགྱོགས་མྱུར་འདྲུ་གི་ཡོད། བྱེད་ཐབས་འདིས་ས་དོང་འདྲུ་བའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཤིང་འཛུགས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བཏིང་ཡོད།

ཁོང་ཚོས་ཞིང་ར་ནས་ས་རྒྱུ་གཤིན་པོ་དབོར་ནས་འཁྱགས་ས་དང་མཉམ་དུ་བསྲེས་ཏེ་ས་རྒྱུའི་གྲུབ་ཚུལ་ལེགས་བཅོས་བྱེད་པ་དང་། སྡོང་ཕྲུག་ལ་སྲིང་བལ་མཐུག་པོས་བཏུམས་ནས་འཁྱགས་མི་ཐེབས་པ། རླུང་འགོག་སྲུང་བཅད་བསྐྲུན་ནས་དྲག་རླུང་གི་གནོད་འཚེ་མི་ཕོག་པ་བཅས་བྱེད་ཀྱི་ཡོད། ཤིང་འཛུགས་སྐབས་ད་དུང་སྡོང་ཕྲུག་གི་གཏིང་ཚད་དང་བར་ཐག་ལ་ཚོད་འཛིན་ནན་པོ་བྱས་ཏེ། སྡོང་ཕྲུག་ཚང་མར་འཚོ་བཅུད་དང་ཉི་འོད་འདང་ངེས་ཐོབ་པར་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་སྡོང་ཕྲུག་གི་མཐའ་འཁོར་དུ་འགྱིག་ཤོག་བཀབ་ནས་ས་རྒྱུའི་དྲོད་ཚད་དང་བརླན་ཚད་རྒྱུན་འཁྱོངས་ཐུབ་པར་བྱེད་ཀྱི་ཡོད།

ཆུའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱ་ཆེད། དཔོན་དམག་ཚོས་ཆུ་རྒྱག་པའི་འཆར་གཞི་ཞིབ་ཕྲ་བཟོས་ཤིང་། ཁོང་ཚོས་དུས་ཚིགས་མི་འདྲ་བ་དང་། གནམ་གཤིས་མི་འདྲ་བ། སྡོང་ཕྲུག་གི་སྐྱེ་འཚར་གནས་ཚུལ་མི་འདྲ་བ་བཅས་ལ་གཞིགས་ནས་ཆུ་རྒྱག་ཚད་དང་ཆུ་རྒྱག་ཐེངས་ཚན་རིག་དང་མཐུན་པའི་ངང་ལེགས་སྒྲིག་བྱེད་ཀྱི་ཡོད།

དེ་ལྟར་སྡོང་ཕྲུག་ཐེངས་གཅིག་བཙུགས་རྗེས་མངའ་རིས་སུ་ལྗོན་ཤིང་འཛུགས་པ་ནི་དངོས་གནས་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པ་གཏིང་ཟབ་ཚོར་བྱུང་མོད། འོན་ཀྱང་ཚང་མའི་སེམས་ནང་སྡོང་ཕྲུག་རེ་རེ་ལས་མྱུ་གུ་འབུས་བཞིན་ཡོད་ལ། ཕུགས་འདུན་གྱི་སྔོ་ལྗང་ཁུལ་རེ་རེ་ཡང་མིག་ལམ་དུ་འཆར་བཞིན་ཡོད།

དཀའ་སྤྱད་ལ་བརྟེན་ནས་ཡུལ་འདི་སྔོ་འགྱུར་གྱི་རེ་བ་མངོན་འགྱུར་ཐུབ་པ་དང་ས་མཐོར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ཐུབ་པར་བྱས་ཤིང་། མ་གཞི་ལོ་ལྟར་སྡོང་ཕྲུག་གསོན་ཚད་བཞི་ཆ་གཅིག་ཙམ་ལས་ཟིན་གྱི་མེད་མོད། འོན་ཀྱང་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་ཏུ་ལྗོན་ཤིང་འཛུགས་རྒྱུ་དེ་རྒྱུན་འཛིན་བྱེད་བཞིན་ཡོད། ལོ་ལྟར་དམག་མི་རྒན་གྲས་དམག་ཁོངས་ནས་ཕྱིར་ལོག་པ་དང་དམག་གསར་ལན་ཤོག་ཏུ་ཡོང་སྐབས། འཐབ་འཛིང་པ་གསར་པས་དམག་མི་རྒན་གྲས་ཀྱི་སྣེ་ཁྲིད་འོག་སྡོང་ཕྲུག་བཏབ་ནས་ལྗང་མདོག་སྲུང་སྐྱོང་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ཤུལ་འཛིན་གྱི་ཡོད།

པད་ཆོས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明