http://zw.xzqnb.cn/Content/weixinlogo.png
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་པོའི་དབུལ་ཕོངས་ནི་སྤྱི
http://zw.xzqnb.cn/m/content/2025-04/11/001141.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་ཚེ་གང་པོར་དཔེ་ཀློག་གྱིས།

༄༅། །དཔྱིད་ཀ་སླེབས་བྱུང་།

༄༅། །ང་རང་ནར་སོན་སོང་།

དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པོ་ཡོད་དགོས་ལ་བསམ་པའི་དཔལ་ཡོན་ཡང་ཕུན་སུམ་ཚོགས་པོ་ཡོད་དགོས།

等待处理…

དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པོ་ཡོད་དགོས་ལ་བསམ་པའི་དཔལ་ཡོན་ཡང་ཕུན་སུམ་ཚོགས་པོ་ཡོད་དགོས།

2025年04月11日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་པོའི་དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། བསམ་པའི་དབུལ་ཕོངས་ཀྱང་སྤྱི་ཚོགས་རིང་ལུགས་མིན། ཤེས་དཔལ་དེ་གཉིས་འཕེལ་རྒྱས་ཡག་པོ་བྱུང་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡིན་ཞེས་གསུངས་ཡོད། མི་ཚེ་ནི་ལམ་དུ་བཞུད་པའི་རྟ་སྒ་རིལ་དང་འདྲ་བར་འབྲུ་རིགས་བྱུར་བུར་བླུགས་དགོས་ལ། རེ་འདུན་ཆེན་པོ་བཅངས་ཚེ། གཞི་ནས་བདེ་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་ཐུབ།

དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པ་ནི་བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན། བོད་རྙིང་པར་ཞིང་བྲན་ཁྲི་ཚོ་བརྒྱ་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ལྟོས་གྲོད་པ་མི་རྒྱགས་པས། བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་ནི་སྤྲོས་བྲལ་རེད། བོད་གསར་པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། ལྷག་པར་དུ་དུས་རབས་གསར་པར་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་བརྒྱུད་2019ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ས་ཁུལ་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ། ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བཅས་བྱས་ཏེ་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། ད་ཆ་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མར་སྨན་བཅོས་འགན་བཅོལ་ཡོད་ལ། ཕྲུ་གུ་ཚོ་ཡང་དཀར་ཆ་དོད་པའི་སློབ་ཁང་དུ་སློབ་སྦྱོང་བྱེད་པ་དང་རྒན་རྒོན་ཚོར་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དེ་དག་ལས། མི་སེར་གྱི“དངུལ་ཁུག”ལྗིད་ཏིག་ཏིག་ཏུ་གྱུར་བར་བརྟེན་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ཡོད།

《ཉི་འོད་གྲོང་ཁྱེར》བསྟན་པ་ནས་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་ར་སྐད་གྲགས་ཆོད་པའི་བར་དང་། རྟེན་མཛོད་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་ནས་གྲོང་གསེབ་ཀྱི་རིག་རྩལ་འཁྲབ་སྟོན་འཁྲུག་ཆ་དོད་པའི་བར། དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པའི་བོད་མི་དམངས་ཀྱི་རིག་གནས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་སྣ་ཁ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། དེ་ནི་སྤྱི་ཚོགས་ཡར་ཐོན་གྱི་མཚོན་ཚུལ་ཞིག་རེད། ད་ཆ་ལྟོ་གོས་ཐད་སེམས་ཁྲལ་གང་ཡང་མེད་པས། ཚང་མས་དེ་བས་ཕུན་སུམ་ཚོགས་པའི་བསམ་པའི་འཚོ་བཅུད་ཐོབ་རེ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ས་གཞི་ཆེན་པོར་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱང་དེ་བས་མི་ཉམས་གོང་འཕེལ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེར་བརྟེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་དགོས་ན། འབབ་འཕར་དང་བསམ་བློ་གཉིས་ཀ་རྗེས་ལུས་མི་ཐེབས་པ་བྱེད་དགོས།

དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཀྱིས་བསམ་པའི་དཔལ་ཡོན་ལ་རྨང་གཞི་མཁོ་འདོན་བྱེད་པ་དང་། བསམ་པའི་དཔལ་ཡོན་གྱིས་ཀྱང་དངོས་པོའི་དཔལ་ཡོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་ཐུབ་མོད། འོན་ཀྱང་རིག་གནས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། ང་ཚོས་ངེས་པར་དུ“དངོས་པོའི་རིང་ལུགས”ཀྱི་རྒྱ་རྙིར་དོགས་ཟོན་བྱེད་དགོས། ད་ཆ། རང་རྒྱལ་དབྱར་མཚོ་རྒྱས་པ་ལྟར་བུའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པས། དངོས་པོའི་ཐད་སེམས་ཁྲལ་དེ་ཙམ་མེད་མོད། འོན་ཀྱང་བསམ་པའི་རིག་གནས་ཐད་མི་ལ་ལས“དྲ་ཐོག་གྲགས་ཅན་གྱི་རྗེས་སུ་འབྲང་བ”དང“མུན་འཐོམས་ངང་བསྡུར་རེས་བྱེད་པར”དབྱིངས་ཞུགས་པ། ཡང་ལ་ལས་རྒྱུག་འབོར་མང་པོ་རག་ཐབས་བྱེད་པ་དང་རོལ་རྩེད་ཁོ་ནར་དབྱིངས་ཞུགས་པ་སོགས་ཀྱི་སྣང་ཚུལ་ཐོན་དང་ཐོན་མུས་ཡིན། དེའི་དུས་སུ། ང་ཚོས་བསམ་པའི་མཐོ་ས་སྔར་བས་བརྟན་པོར་བསྲུངས་ཏེ་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱ་རྒྱུ་དེ་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་ལ། ང་ཚོ་ཚང་མས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཞིང་འབྲོག་པ་ཚོས་སློབ་སྦྱོང་བྱས་ནས་ལག་རྩལ་གསར་པ་ཁོང་དུ་ཆུད་པ་དང་། བཟོ་པ་ཚོས་ལས་གནས་ཐོག་ཡར་རྒྱས་བརྩོན་ལེན། རིག་རྩལ་ལས་དོན་པ་ཚོས་འཚོ་བ་དངོས་དང་མཐུན་པའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་དགོས། ང་ཚོས་ཕྱོགས་གཅིག་ནས་དངོས་པོའི་དཔལ་ཡོན་གྱི་གྲུབ་འབྲས་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་བསམ་པའི་དཔལ་ཡོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ། རླབས་ཆེན་གྱི་དུས་རབས་དེར་དབང་བའི་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博