http://zw.xzqnb.cn/Content/weixinlogo.png
ཤེས་མེད་ཚོར་མེད་ཀྱི་ངང་ནས། ང་རང་ནར་སོན་པས་བྱིས་བློ་ཡང་ཡལ་ནས།
http://zw.xzqnb.cn/m/content/2025-04/11/001140.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་ཚེ་གང་པོར་དཔེ་ཀློག་གྱིས།

༄༅། །དཔྱིད་ཀ་སླེབས་བྱུང་།

༄༅། །ང་རང་ནར་སོན་སོང་།

དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་པོ་ཡོད་དགོས་ལ་བསམ་པའི་དཔལ་ཡོན་ཡང་ཕུན་སུམ་ཚོགས་པོ་ཡོད་དགོས།

等待处理…

༄༅། །ང་རང་ནར་སོན་སོང་།

作者 བདེ་ཆེན་དཔལ་མོ།
2025年04月11日

ཤེས་མེད་ཚོར་མེད་ཀྱི་ངང་ནས། ང་རང་ནར་སོན་པས་བྱིས་བློ་ཡང་ཡལ་ནས། ཉིན་ལྟར་ཕ་མར་རྙོག་དྲ་ཤོད་མཁན་གྱི་བུ་མོ་དང་ཕ་མར་བསམ་གཞིག་མེད་པའི་བུ་མོ་དེ་མིན་ལ་རང་རང་གི་ལས་ཀ་སོ་སོས་བྱས་ནས། རང་མགོ་ཐོན་ཙམ་ཞིག་བྱུང་ངོ་། །

ང་རང་བྱིས་པའི་དུས་ལ་ཉིན་ལྟར་ནར་སོན་པར་རེ་སྒུག་བྱས་པས་ད་ལྟ་ང་རང་ཡང་མི་རྒན་ཆུང་ཆུང་ཞིག་ཆགས་ནས། ཁྱིམ་ཚང་གི་གནས་ཚུལ་ལམ་སོ་སོའི་གནས་ཚུལ་ལ་ཉིན་ལྟར་སེམས་ཁྲལ་གྱིས་ཁེངས། དེའང་ངས་ཕ་མའི་སྐུ་ལས་དང་ང་ལ་བཅངས་པའི་རེ་བ་ཚང་མ་ངས་ཤེས་གསལ་རེད། ངས་ཀྱང་ང་རང་སོ་སོར་རེ་བ་ཆེན་པོ་བཅངས་ཀྱི་ཡོད།

ན་ནིང་ནད་ཡམས་ཀྱི་སྐབས་སུ། ངའི་ཨ་མ་ལགས་དང་གཅུང་པོ་གཅུང་མོ་ནད་ཕོག་ནས། ང་དང་པྭ་ལགས་གཉིས་ཀྱིས་ཁོང་མ་སྨད་གསུམ་ལ་ལྟ་རྟོག་བྱས། ཉིན་གཉིས་པར་ང་རང་ཡང་ནད་དེ་འགོས་འདུག་པས། པྭ་ལགས་གཅིག་པུས་ང་ཚོ་བཞི་ལ་ལྟ་རྟོག་བྱས། ངའི་གཅུང་པོ་ལོ་ན་ཆུང་བས་ཚ་བ་བརྒྱབ་པས། ཕ་མ་གཉིས་སེམས་ཁྲལ་གྱིས་ཁེངས་ནས་གཅུང་པོ་ན་ནས་མཚན་གང་གཉིད་ཀྱང་ཁུག་མ་སོང་། ང་རང་ཡང་ཚ་བ་མཚན་གཅིག་བརྒྱབ་ནས་ཉིན་གཉིས་པར་ལམ་སེང་དྲག་འདུག།

སྟབས་མ་ལེགས་པར་པྭ་ལགས་ཀྱང་ནད་དེ་འགོས་འདུག་པས། ངས་ང་རང་ཁྱིམ་དེའི་ཕྲུ་གུ་ཆེ་ཤོས་ཡིན་པས། ད་ངས་ཁོང་ཚོར་ལྟ་རྟོག་བྱེད་དགོས་པ་ཤེས་བྱུང་བས་ཉིན་དེ་ནས་བཟུང་ངས་ཟ་མ་བཟོ་སྟངས་དང་ཐབ་སྲོས་སྟངས་ཚང་མ་ཤེས་བྱུང་བས། ང་རང་ནར་སོན་པ་རྟོགས་བྱུང་། གྱང་སྟེང་དུ་ངའི་བྱིས་དུས་ཀྱི་པར་རེ་རེ་མཐོང་དུས། ང་རང་ནར་སོན་པ་ཤེས་བྱུང་ལ་ང་རང་གི་ལས་ཀ་སོ་སོས་ལེགས་གྲུབ་བྱེད་ཐུབ་པ་དྲན། ཞོགས་པ་སྔ་པོ་ལངས་ནས་ངག་སྐྱོར་བཏང་ཚར་རྗེས་སོ་སོས་ཞོགས་ཟས་བཟོས་ནས་གཅིག་པུ་རྐང་འཁོར་བཞོན་ནས་སློབ་གྲྭ་འགྲོ་ཐུབ་པ་དྲན་དུས། ང་རང་ནར་སོན་པ་རྟོགས་བྱུང་། གཟའ་མཇུག་ཏུ་རང་འགུལ་གྱིས་སྦྱོང་ཚན་བྲིས་ཚར་རྗེས་གོས་འཁྲུ་བ་དང་ནང་ལས་ཚང་མ་བྱེད་ཐུབ་ཀྱི་ཡོད་པ་དྲན་དུས། ང་རང་ནར་སོན་པ་རྟོགས་བྱུང་།

ཚེ་འདི་ལ་མི་སུ་ཞིག་ཡིན་རུང་། ནམ་ཡང་ཕ་མ་ལ་བརྟེན་ནས་བསྡད་ན་མི་འགྲིག ཆུང་དུས་ནས་ལས་གང་ཞིག་ཡིན་ཡང་བྱེད་ཤེས་པ་དགོས། རྗེས་སུ་ཕ་མ་ཚེ་ལས་འདས་དུས་སུ། རང་རང་སོ་སོ་ཁ་གསོས་ཐུབ་པ་དང་རང་མགོ་ཐོན་པ་བྱེད་དགོས། །

ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ལོ་རིམ༩(༤)

ཟུར་ཁྲིད་དགེ་རྒན། དབང་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博